བློ་ཁོག་རེད། མི་7བདུན་ལས་བླུག་མི་ཆོག་པའི་མོ་ཊར་མི་13བླུགས་འདུག
སྤེལ་དུས 2020-07-28
ཡོང་ཁུངས། ཁྲིམས་གསལ་མེ་ལོང་།
རྩོམ་པ་པོ།
2020ལོའི་ཟླ་7ཚེས་24ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་ནུབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ཁོངས་གཏོགས་ཁུལ་དུ་འགྲིམ་འགྲུལ་ཁྲིམས་འགལ་ལ་ཞིབ་བཤེར་བྱེད་སྐབས། འཁོར་རྟགས་藏A0626Nགྱི་འགྲུལ་སྐྱེལ་མོ་ཊ་ཆུང་གྲས་ཀྱི་འགྲོ་སྐྱོད་རྒྱུན་གཏན་མིན་པ་མཐོང་བས། དེར་བརྟག་དཔྱད་བྱེད་སྐབས། མོ་ཊར་མི་གྲངས་ཚད་ལས་བརྒལ་ཏེ་བླུགས་ཡོད་པ་མ་ཟད(ཞིབ་དཔྱད་བྱས་པ་ལས་མངོན་པར། ཚད་གཞི་ལྟར་ན་མོ་ཊ་དེར་མི་7ལས་བླུག་མི་ཆོག་པ་དང་། ཁ་ལོ་བ་དེས་མི་13བླུགས་ཡོད་པས། མི་གྲངས་ཚད་གཞི་ལས་85%བརྒལ་ཡོད) བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཚབས་ཆེན་ལྡན་ཡོད། དེར་བརྟེན། མི་དམངས་ཉེན་རྟོག་པས་ཁ་ལོ་བར་འཕྲལ་དུ་རྐྱེན་ངན་སེལ་དགོས་ཤིང་། འགྲུལ་པ་ཁག་བགོས་ཏེ་སྐྱེལ་དགོས་པའི་བླང་བྱ་བཏོན་པ་རེད།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་49པའི་གཏན་འབེབས་གཞིར་བཟུང་། ཁ་ལོ་བ་དེའི་ཁ་ལོ་བའི་ལག་ཁྱེར་གྱི་སྐར་མ་6བཅག་པ་མ་ཟད། སྒོར་200ཡི་སྲིད་འཛིན་ཆད་པ་བཅད་པ་རེད།