བོད་ལྗོངས་གྲོ་མོ་རྫོང་དུ་མི་དམངས་ཉེན་རྟོག་པས་མང་ཚོགས་ལ《དམངས་དོན་ཁྲིམས་གཞུང》སྒྲོག་འགྲེལ་བྱས།
སྤེལ་དུས 2020-07-29
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ།
མི་དམངས་ཉེན་རྟོག་པས་ཁྲིམས་ལུགས་སློབ་རར་སྐྱེལ་བ།
ཉེ་ལམ། བོད་ལྗོངས་གྲོ་མོ་རྒྱལ་ཁོངས་འགྲོ་འོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱིས་ཕྱོགས་མང་པོ་དང་བྱེད་ཐབས་མང་པོ་སྤྱད་དེ“དམངས་དོན་ཁྲིམས་གཞུང་ཁྱབ་གདལ་དྲིལ་བསྒྲགས་གཟའ་འཁོར”གྱི་བྱ་འགུལ་སྤེལ་ཏེ། མཐའ་མཚམས་ས་ཁུལ་མང་ཚོགས་ཀྱི་ཁྲིམས་ལུགས་སློབ་སྦྱོང་དང་ཁྲིམས་ལུགས་སྤྱོད་པའི་འདུ་ཤེས་ཇེ་མཐོར་བཏང་།
མི་དམངས་ཉེན་རྟོག་པས་གྲྭ་བར《དམངས་དོན་ཁྲིམས་གཞུང》སྒྲོག་འགྲེལ་བྱེད་བཞིན་པ།
རྒྱུས་ལོན་པ་ལྟར་ན། ས་ཚིགས་དེས་མི་དམངས་ཉེན་རྟོག་པར་དམངས་དོན་ཁྲིམས་གཞུང་རྩོམ་སྒྲིག་བྱེད་པའི་ལོ་རྒྱུས་དང་། དམངས་དོན་ཁྲིམས་གཞུང་གི་དུས་རབས་ཀྱི་དོན་སྙིང་། དམངས་དོན་ཁྲིམས་གཞུང་གི་ཀྲུང་གོའི་ཁྱད་ཆོས་དང་ལམ་ལུགས་གསར་གཏོད་སོགས་ཐད་ཀྱི་ནང་དོན་སློབ་སྦྱོང་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། ད་རུང་མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་ལས་འགན་སྒྲུབ་པ་དང་ཁྲིམས་ལྟར་སྲིད་འཛིན་པའི་ནུས་པ་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན།
མི་དམངས་ཉེན་རྟོག་པས་མང་ཚོགས་ལ《དམངས་དོན་ཁྲིམས་གཞུང》སྒྲོག་འགྲེལ་བྱེད་བཞིན་པ།
དུས་མཚུངས། ས་ཚིགས་དེའི་མི་དམངས་ཉེན་རྟོག་པ་རྣམས་ཤང་གྲོང་དང་། སློབ་གྲྭ དགོན་སྡེ། སྲང་ལམ། མཐའ་མཚམས་ས་ཁུལ་གྱི་མང་ཚོགས་བཅས་ཀྱི་ཁྱིམ་དུ་བསྐྱོད་དེ་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་མང་ཚོགས་ལ《དམངས་དོན་ཁྲིམས་གཞུང》ཁྱབ་བསྒྲགས་བྱས་པའི་དོན་སྙིང་གལ་ཆེན་དང《དམངས་དོན་ཁྲིམས་གཞུང》མང་ཚོགས་ཀྱི་རྒྱུན་གཏན་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་དོན་ཚན་གཙོ་གནད་ཐོག་འགྲེལ་བཤད་བྱས། མང་ཚོགས་ལ་དམངས་དོན་ཁྲིམས་གཞུང་ནི་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པའི་ཁྲིམས་གཞུང་ཡིན་པ་དང་། སྤྱི་ཚོགས་ཀྱི་ཁོངས་མི་ཡོངས་ཀྱིས་ངེས་པར་དུ་བརྩི་སྲུང་བྱེད་དགོས་པའི་ཚད་གཞིའང་ཡིན་པར་ཁྲིད་སྟོན་བྱས་པ་རེད། །