དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ད་ལོ་རང་ལྗོངས་ཀྱིས“ནུབ་རྒྱུད་འཆར་གཞིའི”དང་བླངས་པ642བསྡུས་འདུག

སྤེལ་དུས 2020-07-29 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          ཉིན་ཤས་གོང་གསར་འགོད་པས་སྡེ་ཚོགས་ལྗོངས་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལོ་རང་ལྗོངས་ཀྱིས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་22(བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་17དང་། ཧྲན་ཤིས་དང་། ཅང་ཤིས། ཧོ་ནན། ཀོང་ཤིས། བོད་ལྗོངས)ལ་ཕྱོགས་ནས“ནུབ་རྒྱུད་འཆར་གཞིའི”བོད་ཀྱི་ཆེད་དོན་དང་བླངས་པ་642བསྡུས་པ་ལས། ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་མི་108ཡོད། དུས་ཡུན་ཉིན་4ཡི་ལས་གནས་སུ་མ་ཞུགས་གོང་གི་གསོ་སྦྱོང་བྱས་རྗེས“ནུབ་རྒྱུད་འཆར་གཞིའི”རང་སྐྱོང་ལྗོངས་རྣམ་གྲངས་གཞུང་དོན་ཁང་གིས་ཆེད་མི་མངགས་ནས། གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་དང་བླངས་པ་རྩིས་སྤྲོད་རྩིས་ལེན་དང་ལས་གནས་སུ་མ་ཞུགས་གོང་གི་མཛུབ་ཁྲིད་ལ་གཞོགས་འདེགས་བྱས་པ་རེད། བོད་སྐྱོད་དང་བླངས་པ་བདེ་འཇགས་དང་བདེ་ཐང་ངང་ལས་གནས་སུ་སླེབས་པའི་འགན་ལེན་བྱ་ཆེད། “ནུབ་རྒྱུད་འཆར་གཞིའི”རང་སྐྱོང་ལྗོངས་རྣམ་གྲངས་གཞུང་དོན་ཁང་གིས་ད་དུང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་ལྗོངས་མི་དམངས་སྨན་ཁང་གསུམ་པ་དང་མཉམ་དུ་མཐུན་སྦྱོར་བྱས་ནས་དང་བླངས་པ་ཡོངས་ལ་ཉིང་སྐྱུར་བརྟག་དཔྱད་བྱས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། “ནུབ་རྒྱུད་འཆར་གཞི”བོད་ཀྱི་ཆེད་དོན་བྱེད་སྒོ་སྤེལ་ཚུན། རིམ་རྩིས་བྱས་ན་སློབ་ཆེན་སློབ་ཐོན་སློབ་མ་9600ལྷག་ཙམ་བོད་དུ་ཞབས་འདེགས་ཞུ་བར་སླེབས་ཡོད་པ་ལས། དང་བླངས་པ་3000ལྷག་ཙམ་གྱིས་ཞབས་ཞུའི་དུས་ཡུན་ཐིམ་རྗེས་བོད་དུ་གཞི་ཚུགས་ནས་ལས་ཞུགས་ལས་གཏོད་བདམས་ཏེ། རྨང་གཞིའི་སློབ་གསོ་དང་། ཞིང་འབྲོག་ཚན་རྩལ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་བཅོས་སྐྱོང་། བཅའ་ཁྲིམས་རོགས་སྐྱོར། རིག་གནས་འཛུགས་སྐྱོང་སོགས་ཁྱབ་ཁོངས་སུ་གཞོལ་བཞིན་ཡོད་པས། དེས་གཞི་རིམ་གྱི་སྟོབས་ཤུགས་ཕུན་སུམ་ཚོགས་སུ་གཏོང་བ་དང་། ཤེས་ལྡན་མི་སྣའི་གྲུབ་ཆ་ལེགས་བཅོས། མི་རིགས་ཀྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བར་གསོན་ཤུགས་བསྣན་ཡོད།