ལྗོངས་འཕྲོད་བདེ་ཨུའི་ཏང་ཙུའི་ཧྲུའུ་ཅིར་ཞིབ་བཤེར་བྱེད་བཞིན་འདུག
སྤེལ་དུས 2020-07-30
ཡོང་ཁུངས།
རྩོམ་པ་པོ།
བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་རེན་གཞོན་པ་ཝང་ཡུན་ཐིང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པས། མིག་སྔར་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
ཝང་ཡུན་ཐིང་གི་ལོ་རྒྱུས་མདོར་བསྡུས།
ཝང་ཡུན་ཐིང། ཕོ། རྒྱ་རིགས། 1965ལོའི་ཟླ་11པར་སྐྱེས། ཧོ་ནན་ཞང་ཁྲེང་བ། 1987ལོའི་ཟླ་8པར་ལས་ཀར་ཞུགས། 1991ལོའི་ཟླ་5པར་ཏང་ལ་ཞུགས། ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། གསོ་རིག་གི་འབུམ་རམས་པའི་སློབ་གནས་ལྡན།
1987ལོའི་ཟླ་8པ་ནས་1991ལོའི་ཟླ་9པའི་བར། ཧོ་ནན་ཞིང་ཆེན་ཞང་ཁྲེང་རྫོང་མི་དམངས་སྨན་ཁང་དང་པོའི་ནད་སྡོད་སྨན་པ་དཀའ་བཅུ་པ་བྱས།
1991ལོའི་ཟླ་9པ་ནས་1993ལོའི་ཟླ་9པའི་བར། ཐུང་ཅི་གསོ་རིག་སློབ་ཆེན་རུས་ནད་ཕྱི་ནད་ཚན་ཁག་གི་ཆེད་ལས་རབ་འབྱམས་པའི་ཞིབ་འཇུག་སློབ་མ་བྱས།
1993ལོའི་ཟླ་9པ་ནས་1996ལོའི་ཟླ་8པའི་བར། ཐུང་ཅི་སློབ་ཆེན་རུས་ནད་ཕྱི་ནད་ཚན་ཁག་གི་ཆེད་ལས་འབུམ་རམས་པའི་ཞིབ་འཇུག་སློབ་མ་བྱས།
1996ལོའི་ཟླ་8པ་ནས་1998ལོའི་ཟླ་4པའི་བར། ཀྲུང་རི་མཛའ་མཐུན་སྨན་ཁང་གི་རུས་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་བྱས།
1998ལོའི་ཟླ་4པ་ནས་2001ལོའི་ཟླ་4པའི་བར། ཀྲུང་རི་མཛའ་མཐུན་སྨན་ཁང་གི་དོས་དྲག་ཚན་ཁག་གི་ཀྲུའུ་རེན་གཞོན་པ་བྱས།
2001ལོའི་ཟླ་4པ་ནས་2006ལོའི་ཟླ་11པའི་བར། ཀྲུང་རི་མཛའ་མཐུན་སྨན་ཁང་གི་ཚན་སློབ་པུའི་ཀྲུའུ་རེན་བྱས།
2006ལོའི་ཟླ་11པ་ནས་2016ལོའི་ཟླ་4པའི་བར། ཀྲུང་རི་མཛའ་མཐུན་སྨན་ཁང་གི་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་ཡོན་ཀྲང་གཞོན་པ་བྱས།
2016ལོའི་ཟླ་4པ་ནས་2016ལོའི་ཟླ་8པའི་བར་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན་བྱས།
2016ལོའི་ཟླ་8པ་ནས་2016ལོའི་ཟླ་10པའི་བར། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཡོན་ཀྲང་གི་ལས་ཚབ་བྱས།
2016ལོའི་ཟླ་10པ་ནས་2017ལོའི་ཟླ་4པའི་བར། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན། རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་བྱས།
2017ལོའི་ཟླ་4པ་ནས་2018ལོའི་ཟླ་11པའི་བར། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་རེན། བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ཡོན་བྱས།
2018ལོའི་ཟླ་11པ་ནས་ད་བར། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ། བོད་རང་སྐྱོང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཨུ་ཡོན་བྱས།