དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་གི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

སྤེལ་དུས 2020-08-06 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི《དམངས་དོན་ཁྲིམས་གཞུང་》དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། 《ཞིང་ཆེན་ཡོངས་ཀྱི་དམངས་དོན་ཁྲིམས་གཞུང་སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བའི་ལག་བསྟར་ཇུས་གཞི་》ཡི་བླང་བྱ་དོན་འཁྱོལ་བཟང་པོ་བྱ་ཆེད། མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གིས་སྔ་མོ་ནས་འགོ་བརྩམས་པ་དང་སྔ་མོ་ནས་བཀོད་སྒྲིག་བྱས་ཏེ“དུས་རབས་གསར་པའི་ཁྲིམས་སྐྱོང་སློབ་ཁང་ཆེན་མོ”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་བརྒྱུད《དམངས་དོན་ཁྲིམས་གཞུང》སློབ་སྦྱོང་དྲིལ་བསྒྲགས་སློབ་གསོ་ནན་ཏན་ངང་སྤེལ་བ་རེད།
          མིག་སྔར་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཏང་རྩ་འཛུགས་ཀྱིས་རིག་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི(རྒྱ་ཆེའི)སློབ་སྦྱོང་ཚོགས་འདུ་འཚོགས་ཤིང་། ཀྲེ་ཅང་སློབ་ཆེན་ཀོང་ཧྭ་ཁྲིམས་ལུགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་འབུམ་རམས་པའི་སློབ་དཔོན་ཀྲང་ཀུའུ་གདན་ཞུས་ལྟར་ཨུ་ཡོན་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཡོངས་ལ《དམངས་དོན་ཁྲིམས་གཞུང》ཆེད་དོན་སློབ་སྦྱོང་ཟུར་ཁྲིད་བྱས་པ་རེད། 《དམངས་དོན་ཁྲིམས་གཞུང་》རྩོམ་སྒྲིག་བྱས་པའི་ལོ་རྒྱུས་ཀྱི་གོ་རིམ་དང་། ཁྲིམས་འཛུགས་ཀྱི་རྒྱབ་ལྗོངས། དུས་རབས་ཀྱི་དོན་སྙིང་། དཔེ་གཞིའི་འདུ་ཤེས་བཅས་ཀྱི་ཁྱད་ཆོས་གསེད་བཀྲོལ་དང་གསལ་འགྲེལ་བྱས་པ་བརྒྱུད། ཚང་མར་སྔོན་སྦྱོང་སྔོན་རྟོགས་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ《དམངས་དོན་ཁྲིམས་གཞུང་》གི་ཁྲིམས་འཛུགས་དགོངས་དོན་དང་དོན་གནད་ལ་གོ་བ་གཏིང་ཟབ་ལེན་དུ་བཅུག
          ཚོགས་འདུའི་སྟེང་ཏང་ཡོན་ལས་བྱེད་པས་ཐེངས་འདིིའི《དམངས་དོན་ཁྲིམས་གཞུང་》ཆེད་དོན་སློབ་སྦྱོང་དང་ཟུར་ཁྲིད་བྱེད་པའི་གོ་སྐབས་དང་བསྟུན་ནས་《དམངས་དོན་ཁྲིམས་གཞུང་》ལ་སློབ་སྦྱོང་དང་གོ་བ་ལེན་པ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་སྐྱོང་གི་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏོང་བ་དང་ཁྲིམས་ལྟར་འགན་འཁྲི་བསྒྲུབས་པ་དང་།《དམངས་དོན་ཁྲིམས་གཞུང་》དྲིལ་བསྒྲགས་བྱེད་མཁན་དང་། ལག་ལེན་བྱེད་མཁན། སྐུལ་འདེད་གཏོང་མཁན་བཟང་པོ་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། 《དམངས་དོན་ཁྲིམས་གཞུང་》སློབ་སྦྱོང་དང་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སྔར་ལས་ཇེ་ཆེར་གཏོང་བ་དང་། 《དམངས་དོན་ཁྲིམས་གཞུང་》དེ་དྲང་གཞག་དང་། ཡ་རབས་བཅས་ཀྱི་སྒོ་ནས་ཁྲིམས་འཛིན་གྱིས་ཇུས་ཐག་གཅོད་པ། སྲིད་འཛིན་དོ་དམ། སྲིད་འཛིན་ལྟ་སྐུལ་བཅས་ཚད་ལྡན་ནན་མོ་བཟོ་བའི་ཚད་གཞི་གལ་ཆེན་ཞིག་ཏུ་བརྩི་བ། ཁྲིམས་ལྟར་སྲིད་འཛིན་གྱི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་ཁེ་ཕན་དང་མཐུན་པའི་ཐབས་ཇུས་དེ་བས་ལེགས་པ་འདོན་དགོས་པ་མ་ཟད། 《དམངས་དོན་ཁྲིམས་གཞུང་》སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོའི་བྱ་བ་རྒྱ་ཁྱབ་ཏུ་སྤེལ་དེ། “བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ལོ་ལྔའི་འཆར་གཞི་བདུན་པའི་”དུས་སྐབས་དང་“བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་ལོ་ལྔའི་འཆར་གཞི་བརྒྱད་པའི་”དུས་སྐབས་ཀྱི་གཙོ་གནད་ལས་དོན་དུ་བརྩིས་ནས་དམ་དུ་བཟུང་སྟེ། ཨུ་ཡོན་ལྷན་ཁང་ཡོངས་ཀྱི་གོང་འོག་ཚང་མར་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་བཟང་པོ་ཆགས་པར་སྔར་ལས་ལྷག་པར་ཁྲིད་སྟོན་དང་སྐུལ་འདེད་བྱེད་པ་དང་། “ཁྲིམས་སྐྱོང་བསྒྱུར་བཅོས་”འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། །