དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

​མཚོ་སྔོན་ཞིང་ཆེན་གྱིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་སྤེལ་འགོ་བརྩམས་པ།

སྤེལ་དུས 2020-08-25 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཟླ8པའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྱི“བཅའ་ཁྲིམས་རོགས་སྐྱོར་གྱིས་དམངས་འཚོར་རྒྱབ་སྐྱོར་དང་དབུལ་སྐྱོར་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་སྐྱོད་པའི”སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོའི་འགོ་རྩོམ་མཛད་སྒོ་ཟི་ལིང་དུ་ཚོགས་པ་རེད།
          བྱེད་སྒོ་དེ་ནི་ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་གཙོ་གཉེར་བྱས་པ་དང་། ཟི་ལིང་གྲོང་ཁྱེར་ཁྲིམས་འཛིན་ཅུའུ་དང་མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་རིག་སློབ་གླིང་གིས་རོགས་གཉེར་བྱས་པ་རེད། ཁྲིམས་རྩོད་པའི་ལས་དོན་ཁང10ཡི་དང་བླངས་ཁྲིམས་རྩོད་པ་དང་། མཚོ་སྔོན་མི་རིགས་སློབ་ཆེན་ཁྲིམས་རིག་སློབ་གླིང་གི་སློབ་ཆེན་སློབ་མའི་དང་བླངས་པ20ཡིས་ཟི་ལིང་གྲོང་ཁྱེར་གྱི་མི་འབོར་འཁོར་རྒྱུག་ཆེ་བའི་དྲིལ་བསྒྲགས་ས་ཚུགས10ནས། དུས་ཡུན་གཟའ་འཁོར་གཅིག་གི་རིང་དྲིལ་བསྒྲགས་བྱ་རྒྱུ་རེད།
          རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོས་རྒྱ་ཆེའི་མང་ཚོགས་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་བཅའ་ཁྲིམས》དྲིལ་བསྒྲགས་དང“བཅའ་ཁྲིམས་རོགས་སྐྱོར་གྱིས་དམངས་འཚོར་རྒྱབ་སྐྱོར་དང་དབུལ་སྐྱོར་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་ཀྱི་ཕྱོགས་སུ་སྐྱོད་པའི”བཅའ་ཁྲིམས་རོགས་སྐྱོར་གྱི་སྤུས་རྟགས་བྱེད་སྒོའི་དྲིལ་བསྒྲགས་དང་། ཡུལ་དངོས་བཅའ་ཁྲིམས་བློ་འདྲིའི་ཞབས་ཞུའི་བྱེད་སྒོ་སྤེལ་རྒྱུ་རེད། དྲིལ་བསྒྲགས་ལ་བརྟེན་ནས་མི་དམངས་ལ་ཕྱོགས་གང་ཅིའི་ཐད་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་དང་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ཐོབ་པའི་ཐབས་ལམ་ཤེས་སུ་འཇུག་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་པའི་བཅའ་ཁྲིམས་མ་ལག་འཛུགས་སྐྱོང་དང་དུས་སྐབས་གསར་པའི་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་རེད། 
          ཞིང་ཆེན་ཁྲིམས་འཛིན་ཐིན་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཛུགས་སྐྲུན་ལ་སྤྱི་ཡོངས་ནས་སྐུལ་འདེད་བཏང་ཞིང་། ཞིང་ཆེན་ཡོངས་ལ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་(ས་ཚུགས་དང་ལས་དོན་ཁང་)5088བཙུགས། 2018ལོ་ནས་བཟུང་སྒེའུ་ཁུང་བློ་འདྲིར་ཞབས་ཞུ་བྱས་པའི་མི་གྲངས་ཁྲི15ཙམ་ཟིན་པ་དང་། ལས་སྒོའི་རིགས་ཁག་གི་གྱོད་གཞི་ཁྲི2ལྷག་ཙམ་བདག་སྤྲོད་བྱས་ཡོད། མཚོ་སྔོན་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་དྲ་བར་ཁྱོན་བསྡོམས་མི་ཁྲི66ལྷག་གིས་འདྲི་རྟོགས་བྱས། བཅའ་ཁྲིམས་དྲ་བའི་བློ་འདྲི་རིམ་རྩིས་བྱས་ན་མི་གྲངས་ཁྲི3.46ལ་སླེབས་ལ་སྐད་འཕྲིན་བཞག་པའི་བློ་འདྲི1237དང་། རིག་ནུས་བློ་འདྲི་ཁྲི2.42། བརྙན་ལམ་བློ་འདྲི7373།  དུས་ཐོག་བློ་འདྲི1780བཅས་ལ་སླེབས་ཤིང་། བློ་ཡིད་ཚིམ་ཚད94%ཡན་ལ་སླེབས། 12348སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་བཙུགས་པ་ནས་བཟུང་ཁ་པར་སྣེ་ལེན་བྱས་པ་ཁྲི5.5ལྷག་ཙམ་ལ་སླེབས། ལོ་རེར་བཅའ་ཁྲིམས་རོགས་སྐྱོར་གྱི་གྱོད་གཞི9000ཡན་ཞིབ་གཅོད་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་བཅའ་ཁྲིམས་རོགས་སྐྱོར་ཞབས་ཞུའི་ཕན་ནུས་དཔྱད་བསྡུར་ལ་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། །