དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་མེ་མདའ་འཁྱེར་ནས་ཁང་པའི་ནང་འཛུལ་ཏེ་མི་བསད་འཕྲོག་བཅོམ་བྱས་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད་པ།

སྤེལ་དུས 2020-09-02 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཉེ་ཆར། ཡུས་ཧྲུའུ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་ཞིང་ཆེན་སྤྱི་བདེ་ཐིན་དང་། ཡུས་ཧྲུའུ་ཁུལ་སྤྱི་བདེ་ཅུའུ། དཀར་མཛེས་ཁུལ་སྤྱི་བདེ་ཅུའུ་བཅས་ཀྱི་མཛུབ་སྟོན་དང་འབྲེལ་ཡོད་རྫོང་དང་ཅུའུ་ཡི་གཞོགས་འདེགས་ཤུགས་ཆེན་འོག ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་གྱི2000ལོའི“9.21”གི་མེ་མདའ་ཁྱེར་ནས་མི་བསད་འཕྲོག་བཅོམ་བྱས་པའི་གྱོད་གཞི་ཆེན་པོ་ཞིག་རྩད་ཆོད།
          ལོ20ཡི་སྔོན་གྱི2000ལོའི་ཟླ9པའི་ཚེས21ཉིན། ཡུས་ཧྲུའུ་གྲོང་ཁྱེར་རོང་པོ་གྲོང་རྡལ་མཚོ་སྨད་གྲོང་ཚོར་མེ་མདའ་འཁྱེར་ནས་ཁྱིམ་ལ་འཛུལ་ཏེ་མི་བསད་འཕྲོག་བཅོམ་བྱས་ནས་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་ལ་རྨས་སྐྱོན་ཕོག་པའི་གྱོད་དོན་ཚབས་ཆེན་ཞིག་བྱུང་། ཉེན་བརྡ་འབྱོར་རྗེས་ཡུས་ཧྲུའུ་རྫོང་སྤྱི་བདེ་ཅུའུ་ཡིས་འཕྲལ་མར་མི་གསོད་གྱོད་དོན་མྱུལ་ཞིབ་སྒྲིག་སྲོལ་ལག་བསྟར་བྱེད་འགོ་བརྩམས་ནས། ཡུལ་དངོས་སུ་རྩད་ཞིབ་དང་བེམ་པོར་ཞིབ་བཤེར་བྱེད་པའི་ལས་དོན་ཕྱོགས་ཡོངས་ནས་ཞིབ་ཚགས་སྒོས་སྤེལ་མོད། འོན་ཀྱང་ཁུངས་སྣེ་ལ་ཚད་བཀག་ཡོད་པས། གྱོད་དོན་རྩད་ཞིབ་ཀྱི་བྱ་བར་རྩད་གཅོད་བྱེད་ཐབས་བྲལ། ལོ་བདུན་འགོར་བའི་རྗེས་ཀྱི2007ལོར་ཁུངས་སྣེ་བརྒྱུད། སྐྱེ་ལུང་ཤང་གི་མི་གཉིས་དོགས་ཡོད་ཉེས་ཅན་ཡིན་པ་གཏན་འཁེལ་བྱས་ཤིང་། གལ་ཆེའི་ཁུངས་སྣེ་བརྒྱུད་རྫོང་སྤྱི་བདེ་ཅུའུ་ཡིས་འཕྲལ་དུ་དོགས་ཡོད་ཉེས་ཅན་རྩད་གཅོད་བྱས་ཏེ། མྱུལ་ཞིབ་ལས་དོན་རབ་དང་རིམ་པ་སྤེལ་བ་བརྒྱུད་དོགས་ཡོད་ཉེས་ཅན་གཉིས་འཛིན་བཟུང་ཐུབ་པ་བྱུང་མོད། འོན་ཀྱང་འདྲི་གཅོད་ལས་དོན་ཧ་ཅང་དཀའ་ཚེགས་ཆེ་ལ། དོགས་ཡོད་ཉེས་ཅན་གྱིས་ངོས་ལེན་ཞུས་པར་གྱོད་གཞི་གཅིག་པའི་དོགས་ཡོད་ཉེས་ཅན་གཞན་དག་ཚང་མ་སི་ཁྲོན་དཀར་མཛེས་ཕྱོགས་ཀྱི་མི་ཡིན་མོད། འོན་ཀྱང་དངོས་མིང་མི་མཐུན་པ་དང་། ཁུངས་སྣེ་ཧ་ཅང་མི་གསལ་བས་གྱོད་དོན་རྩད་གཅོད་དཀའ་ཁག་གི་གནས་སུ་ལྷུང་།
          ཆེད་དོན་གྱོད་གཞི་ཚོ་ཆུང་གི་མི་དམངས་ཉེན་རྟོག་པས་མི་བསད་གྱོད་དོན་རྩད་གཅོད་བྱས་ནས་ཡུན་རིང་འགོར་ནའང་། བདེན་དཔང་གི་ཁུངས་སྣེ་ཉུང་ཞིང་། མྱུལ་ཞིབ་བྱེད་དཀའ་བའི་དངོས་ཡོད་གནས་ཚུལ་དང་བསྟུན་ནས། སྔ་རྗེས་སུ་སི་ཁྲོན་དང་བོད་ལྗོངས། ཡུན་ནན་སོགས་ས་ཆ་མང་པོར་སྤྱི་ལེ་ཁྲི་ཡན་བསྐྱོད་ནས་བརྟག་དཔྱད་བྱས། ཆེད་དོན་ཚོ་ཆུང་གི་མི་དམངས་ཉེན་རྟོག་པས་ཚན་རྩལ་མཐོ་བའི་བྱེད་ཐབས་གང་ལེགས་བེད་སྤྱོད་ཀྱི་ཐབས་ལམ་རྒྱ་ཆེར་བཏང་ནས་ལོ་མང་རིང་རྒྱུན་ཆད་མེད་པར་ལས་དོན་བསྒྲུབས་པའི་རྨང་གཞིའི་སྟེང་ཁུངས་སྣེ་གསར་པ་ཞིག་རྙེད།
          ཆེད་དོན་གྱོད་གཞིའི་ཚོ་ཆུང་གི་མི་དམངས་ཉེན་རྟོག་པས་ཁུངས་སྣེ་དེར་གཞིགས་ནས་མྱུལ་ཞིབ་བྱས་མཐར། “9.21”གི་མེ་མདའ་འཁྱེར་ནས་ཁང་པའི་ནང་འཛུལ་ཏེ་མི་བསད་འཕྲོག་བཅོམ་བྱས་པའི་གྱོད་གཞི་ཚབས་ཆེན་ནང་ཞུགས་མཁན་ནི་སི་ཁྲོན་དཀར་མཛེས་ཁུལ་ཤིན་ལུང་གི་དོགས་ཡོད་ཉེས་ཅན་གྱི་མི་སྣ་གསུམ་ཡིན་པ་མགྱོགས་མྱུར་གྱིས་གཏན་འཁེལ་བྱས།
          གནས་ཚུལ་རྙོག་འཛིང་ཆེ་བར་གཞིགས་ནས་ཡུལ་ཤུལ་ཁུལ་དང་དཀར་མཛེས་ཁུལ་སྤྱི་བདེ་ལས་ཁུངས་ཀྱིས་མཉམ་འབྲེལ་ཆེད་དོན་གྱོད་གཞི་ཚོ་ཆུང་བཙུགས་ཏེ། ཆེད་དོན་གྱོད་གཞིའི་ཚོ་ཆུང་གི་མི་དམངས་ཉེན་རྟོག་པ་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་མཐར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཤིན་ལུང་རྫོང་དང་། བྲག་འགོ་རྫོང་། ཡུལ་ཤུལ་གྲོང་ཁྱེར་བཅས་ཀྱི་དོགས་ཡོད་ཉེས་ཅན་ཀུན་ཆེ་གེ་མོ་དང་། དགེ་ཆེ་གེ་མོ། ཨ་ཆེ་གེ་མོ། བློ་ཆེ་གེ་མོ། གོ་ཆེ་གེ་མོ་བཅས་འཛིན་བཟུང་བྱས། མཚོ་སྔོན་ཡུས་ཧྲུའུ་ཡི2000ལོའི“9.21”གི་གྱོད་དོན་མེ་མདའ་འཁྱེར་ནས་ཁང་པའི་ནང་འཛུལ་བའི་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་ལ་རྨས་སྐྱོན་གཅིག་ཕོག་པའི་གྱོད་གཞི་རྩད་ཆོད་པ་དང་། དུས་མཚུངས་སི་ཁྲོན་དཀར་མཛེས་ཁུལ་ལི་ཐང་གི2000ལོའི“8.18”ཀྱི་གྱོད་དོན་མི་གཅིག་རྐྱེན་ལམ་དུ་ཤོར་བ་དང་མི་གཅིག་ལ་རྨས་སྐྱོན་ཕོག་པའི་གནོད་འཚེ་ཚབས་ཕོག་པའི་མེ་མདའ་བཟུང་ནས་ལམ་བཀག་འཕྲོག་བཅོམ་བྱས་པའི་གྱོད་གཞིའི་ཁུངས་སྣེ་རྙེད་པས། མིག་སྔར་གྱོད་གཞིའི་རྗེས་མཐུད་མྱུལ་ཞིབ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད། །