དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

མཚོ་སྔོན་ཞིང་ཆེན་གྱིས་ལོ་བཅུའི་རིང་ལ་རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའ་མ་དངུལ་སྒོར་ཐེར་ཆེན་གཉིས་དང་ཐེར་འབུམ་གཅིག་དུང་ཕྱུར་བརྒྱད་བཏང་།

སྤེལ་དུས 2020-10-09 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
          མཚོ་སྔོན་ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ནས་སྤེལ་བའི་གནས་ཚུལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་རྩྭ་ཐང་གི་སྐྱེ་ཁམས་ཁ་གསབ་བྱ་དགའི་སྲིད་ཇུས་ལག་བསྟར་བྱས་པའི་ཚུན་དུ། ལོ་བཅུའི་རིང་ལ་བསྡོམས་པས་ཁ་གསབ་བྱ་དགའི་མ་དངུལ་ཐེར་ཆེན་གཉིས་དང་ཐེར་འབུམ་གཅིག་དུང་ཕྱུར་བརྒྱད་ལག་བསྟར་བྱས་ནས། ཞིང་ཆེན་ཡོངས་ཀྱི་རང་བྱུང་རྩྭ་ཐང་ཧ་ལམ་རྩྭ་ཕྱུགས་དོ་མཉམ་མངོན་འགྱུར་བྱུང་།
          རྩྭ་ཐང་ཕྱུགས་འགོག་ལག་བསྟར་བྱས་པའི་ཚུན་དུ། མཚོ་སྔོན་ཞིང་ཆེན་གྱིས་རྩྭ་ཐང་གི་སྐྱེ་ཁམས་རྩོལ་ནུས་རིམ་པ་བཞིན་སླར་གསོ་བྱས་པ་དང་། རྩྭ་ཐང་གི་སྔོ་ཁེབས་ཚད2010ལོའི་བརྒྱ་ཆའི་ལྔ་བཅུ་ལྷག་ནས2016ལོའི་བརྒྱ་ཆའི་ང་གསུམ་དང་གྲངས་ཆུང་ལྔ་བརྒྱད་དུ་ཇེ་མཐོར་སོང་། རྩྭའི་ཐོན་ཚད2010ལོའི་མུའུ་གཅིག་ལས་སྤྱི་རྒྱ་བརྒྱ་དང་ང་དགུ་ནས2017ལོའི་སྤྱི་རྒྱ་བརྒྱ་དང་བདུན་ཅུ་རུ་ཇེ་མཐོར་སོང་།
          མིག་སྔའི་བར་དུ་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་འབུམ་གཉིས་དང་ཁྲི་གཅིག་སྟོང་ལྔའི་མི་འབུམ་བརྒྱད་ཙམ་ལ་ཕན་བཏགས་པ་དང་། ཆ་སྙོམས་མི་རེ་ཡིས་ཁ་གསབ་བྱ་དགའི་མ་དངུལ་སྒོར་ཁྲི་གཉིས་དང་སྟོང་བདུན་སུམ་བརྒྱ་ལ་སླེབས། ཕྱུགས་བཀག་རྩྭ་ཐང་མུའུ་དུང་ཕྱུར་གཉིས་དང་བྱེ་བ་བཞི་ས་ཡ་ལྔར་སླེབས་པ་དང་། རྩྭ་ཕྱུགས་དོ་མཉམ་བྱེད་ཚད་མུའུ་དུང་ཕྱུར་གཉིས་དང་བྱེ་བ་གཉིས་ས་ཡ་དགུ་ལ་སླེབས། ཕྱུགས་ལས་སྡེ་བ་བརྒྱད་བརྒྱ་དང་གྱ་གསུམ་དུ་སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་ཁེབས་པར་བྱས་ལ། སྐྱེ་ཁམས་ཕྱུགས་ལས་མཉམ་ལས་ཁང་དགུ་བརྒྱ་དང་རེ་གཅིག་བཙུགས་པ་དང་། ཕྱུགས་ར་དང་རྩྭ་གསོག་ཁང་སོགས་ཕྱུགས་ལས་རྨང་གཞི་སྒྲིག་ཆས་སྔར་ལས་འཐུས་ཚང་དུ་བཏང་ལ། གཞི་ཁྱོན་ཅན་གྱི་གསོ་སྤེལ་བསྡུར་ཚད་བརྒྱ་ཆའི་ང་བཞི་ཡན་དུ་སླེབས།
          འབྲོག་དམངས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འདྲེན་བྱེད་དུ་བྱེད་པ་རྒྱབ་རྟེན་དུ་བྱས་ནས། རྩྭ་སའི་སྲོལ་རྒྱུན་ཕྱུགས་ལས་གཞི་ཁྱོན་ཅན་གྱི་གསོ་སྤེལ་དང་། ལེགས་བསྡུས་ཅན་གྱི་ཚོང་གཉེར་གྱི་དེང་རབས་སྐྱེ་ཁམས་ཕྱུགས་ལས་འཕེལ་རྒྱས་ཀྱི་རྣམ་པ་བསྒྱུར་བ་དང་། རོང་འབྲོག་དམངས་ཀྱི་ཡོང་སྒོ་རྒྱུན་མ་ཆད་པར་ཇེ་མང་དུ་སོང་ལ། བསྡོམས་རྩིས་ལྟར་ན2019ལོའི་མཚོ་སྔོན་གྱི་འབྲོག་དམངས་ཆ་སྙོམས་ཀྱི་ཡོང་སྒོ་རྐྱང་བ་སྒོར་སྟོང་བརྒྱད་དང་དྲུག་བརྒྱ་རེ་བཞི་ལ་སླེབས་པ་དང་། 2020ལོ་དང་བསྡུར་ན་སྒོར་སྟོང་དྲུག་དང་བདུན་བརྒྱ་བཞི་ལྷག་ཇེ་མང་དུ་སོང་ལ། བརྒྱ་ཆའི་བརྒྱ་དང་བཞི་བཅུ་ལྷག་ཇེ་མང་དུ་སོང་།
          མཚོ་སྔོན་ཞིང་ཆེན་གྱི་བྱེ་འགྱུར་རྩྭ་ཐང་གི་རྒྱ་ཁྱོན་ཡང་རིམ་པ་བཞིན་ཇེ་ཆུང་དུ་སོང་བ་དང་། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ཞན་འགྱུར་གནས་བབ་ཇེ་བཟང་དུ་སོང་།