མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་ལས་བྱེད་པས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་ནུས་པ་མཐོར་འདེགས་སུ་གཏོང་བའི་གསོ་སྦྱོང་འཛིན་གྲྭ་ཧྲང་ཧེ་ནས་བསྡུས།
སྤེལ་དུས 2020-10-09
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་སློབ་སྦྱོང་ནན་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་ལྟར་ཁྱོན་ཡོངས་ནས་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གསར་བ་དང་དགོངས་པ་གསར་བ། འཐབ་ཇུས་གསར་བ་དྲིལ་སྒྲོག་ནན་མོ་དང་ལག་ལེན་མཐར་ཕྱིན་བྱེད་པ། འགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་ཆེད། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་ཏང་ཨུའི་ཞིང་ཆེན་ཁྱོན་ཡོངས་ཁྲིམས་སྐྱོང་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་། ཞིང་ཆེན་ཁྲིམས་འཛིན་ཐིན་བཅས་ཀྱིས་ཟླ་དགུ་པའི་ཚེས་ཉེར་གསུམ་ཉིན་ནས་ཚེས་ཉེར་དགུ་ཉིན་བར་ཧྲང་ཧེ་ཧྭ་ཏུང་སྲིད་ཁྲིམས་སློབ་ཆེན་ནས་མཉམ་འབྲེལ་སྒོས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བྱ་བའི་ནུས་པ་མཐོར་འདེགས་གཏོང་བའི་གསོ་སྦྱོང་འཛིན་གྲྭ་བསྡུས། ཞིང་ཆེན་ཏང་ཨུའི་པུའུ་དང་ཨུ་ཡོན་ལྷན་ཁང་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོ། གྲོང་ཁྱེར་དང་ཁུལ་སོ་སོ། མི་དམངས་ཚོགས་པ་སོ་སོ་ནས་ཡོང་བའི་འགན་ཁུར་བློ་མཐུན་བཅས་བསྡོམས་པས་མི་བརྒྱད་ཅུ་གསོ་སྦྱོང་ལ་ཞུགས།
ཧྭ་ཏུང་སྲིད་ཁྲིམས་སློབ་ཆེན་གྱིས་བསླབ་ཚན་བཀོད་སྒྲིག་དང་དགེ་རྒན་ཆ་སྡེབ། སློབ་ཁྲིད་ནང་དོན་སོགས་ཕྱོགས་ནས་བཀོད་སྒྲིག་ཞིབ་མོ་བྱས་པ་དང་། ཆེད་མཁས་པ་དང་འགོ་ཁྲིད་མི་སྣ་བརྒྱད་ཀྱིས་སོ་སོར་ཞི་ཅིན་ཕིང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྐོར་གྱི་ཐག་གཅོད་གསར་བ་དང་ལྟ་ཚུལ་གསར་བ། བཀོད་སྒྲིག་གསར་བ། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་རིག་པའི་བྱེད་ཐབས། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན། དུས་རབས་གསར་བའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་གྱི་ལས་འགན་དང་ཐབས་ལམ། ཀྲུང་གོའི་འགོས་ནད་འགོག་བཅོས་ཀྱི་བཅའ་ཁྲིམས་ལམ་ལུགས་མ་ལག ཚུལ་བསྒྱུར་སྤྱི་ཚོགས་དང་སྲིད་འཛིན་ཁྲིམས་སྐྱོང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བའི་དགོངས་དོན་འགྲེལ་ཀློག རྒྱུན་རྣམ་གསར་བའི་འོག་གི་སྤྱི་ཚོགས་ཉེན་ཁ་ཚོད་འགོག་དང་སྤྱི་ཚོགས་ཉེན་ཁ་འདུ་ཤེས། དམངས་ཁྲིམས་སྐོར་གྱི་ཁྲིམས་གཞུང་སློབ་སྦྱོང་བྱས་ནས་ཁྲིམས་ལྟར་སྲིད་འཛིན་པ་སོགས་ཕྱོགས་ནས་ཆེད་དོན་འཆད་ཁྲིད་སྤེལ། གསོ་སྦྱོང་ཐད་ནས་སློབ་ཁྲིད་བྱེད་པ་དང་བགྲོ་གླེང་བརྗེ་རེས། ཡུལ་དངོས་སློབ་ཁྲིད་སོགས་ཀྱི་བྱེད་ཐབས་སྤྱོད་པ་དང་། གཞུང་ལུགས་གསལ་བཤད་དང་གྱོད་གཞི་དབྱེ་ཞིབ། དོགས་གནད་སེལ་བ་བརྒྱུད་དེ། ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་གལ་ཆེན་རང་བཞིན་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས་པ་དང་། གནས་བབ་གསར་བའི་འོག་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པའི་འགན་འཁྲི་འདུ་ཤེས་དང་ལོ་རྒྱུས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་རྩོད་ཐག་གཅོད་པ། གཏན་འཇགས་སྲུང་སྐྱོབ་བྱེད་པའི་ནུས་པ་མཐོར་འདེགས་སུ་བཏང་།
སློབ་སྦྱོང་བརྒྱུད་དེ་ཚང་མས། རྗེས་ཕྱོགས་སུ་རང་ཉིད་ཀྱི་བྱ་བའི་ལས་རྐང་སྟེང་། བྱ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་ལྟར་ཁྱོན་ཡོངས་ནས་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གསར་བ་དང་དགོངས་པ་གསར་བ། འཐབ་ཇུས་གསར་བ་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་ལྟར། སྦྱངས་པ་གོ་ཆོད་བྱེད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁྲིམས་འཛུགས་པ་དང་ཁྲིམས་འཛིན་ནན་མོ་བྱེད་པ། དྲང་བདེན་སྲིད་འཛིན། དམངས་ཡོངས་ཀྱིས་ཁྲིམས་བརྩི་བར་བྱེད་པ། ཧུར་ཐག་གིས་ཁྲིམས་ལྟར་ཞིང་ཆེན་ཁྱོན་ཡོངས་ནས་བཅོས་སྐྱོང་བྱེད་པའི་བྱ་བའི་ཐད་ནས་གྲུབ་འབྲས་གསར་བ་ལེན་ཐུབ་པར་འབད་བརྩོན་བྱ་རྒྱུ་ཡིན་པའི་བསམ་ཚུལ་བསྟན། །