བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་འདི་འཛིན་བཟུང་བྱས་འདུག
སྤེལ་དུས 2020-10-19
ཡོང་ཁུངས། སེམས་ཀྱི་ཞིང་ཁམས།
རྩོམ་པ་པོ།
བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དེ་སྔོན་གྱི་དྲུང་ཡིག་གཞོན་པ། གཞུང་ལས་ཐིང་གི་དེ་སྔོན་གྱི་ཏང་ཙུའུ་ཁོངས་མི་བཀྲ་ཤིས་རྒྱ་མཚོ་ལྐོག་ངན་བླངས་པའི་དོགས་པ་ཡོད་པས། བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་ཁང་གིས་བརྟག་ཞིབ་མཇུག་སྒྲིལ་ནས། ཞིབ་དཔྱོད་ཚན་པར་འདྲི་དཔྱོད་ཞུ་གཏུག་བྱས་པ་རེད། ཉེ་ཆར། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་ལྐོག་ངན་བླངས་བའི་དོགས་པ་ཡོད་པའི་ནག་ཉེས་ལྟར་བཀྲ་ཤིས་རྒྱ་མཚོ་འཛིན་བཟུང་བྱས་པ་དང་། གྱོད་གཞི་འདི་མུ་མཐུད་དུ་སྒྲུབ་བཞིན་ཡོད་པ་རེད།