དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ཁྲིམས་ལུགས་ལས་ཞུགས་ཐོབ་ཐང་ཡིག་རྒྱུགས་ཟླ་འདིའི་ཟླ་མཇུག་ཏུ་སྤེལ་རྒྱུ་རེད།

སྤེལ་དུས 2020-10-26 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          གསར་འགོད་པས2020ལོའི་རྒྱལ་ཁབ་གཅིག་གྱུར་གྱི་ཁྲིམས་ལུགས་ལས་ཞུགས་ཐོབ་ཐང་ཡིག་རྒྱུགས(མཚོ་སྔོན་རྒྱུགས་ཁུལ)བྱ་བའི་མཐུན་སྦྱོར་ཚོགས་འདུའི་སྟེང་ཤེས་གསལ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི2020ལོའི་རྒྱལ་ཁབ་གཅིག་གྱུར་གྱི་ཁྲིམས་ལུགས་ལས་ཞུགས་ཐོབ་ཐང་ཡིག་རྒྱུགས་དེ་ཟླ10བའི་ཚེས31ཉིན་ནསཟླ11པའི་ཚེས1བར་རེས་སྐོར་གཉིས་ནང་ལེན་རྒྱུ་རེད། ད་ལོར། མཚོ་སྔོན་ཞིང་ཆེན་གྱི་རྒྱུགས་ཞུགས་སློབ་མ་བསྡོམས་པས4754ཡོད་པ་དང་། དེ་ནི་ཉེ་བའི་ལོ་འགའི་རིང་མི་གྲངས་ཆེས་མང་བའི་ལོ་ཞིག་རེད། རེས་སྐོར་རེར་སློབ་མ2377ཡིག་རྒྱུགས་ནང་ཞུགས་རྒྱུ་བཀོད་སྒྲིག་བྱས་ཡོད། 
          ངོ་སྤྲོད་བྱས་པར་གཞིགས་ན། 2020ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་ཁྲིམས་ལུགས་ལས་རིགས་ཀྱི་ཐོབ་ཐང་ཡིག་རྒྱུགས་ཀྱི་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ7ཚེས28ཉིན་ནས་ཟླ8ཚེས12ཉིན་བར་རེད། དངུལ་སྤྲོད་དུས་ཚོད་ནི་ཟླ8ཚེས16ཉིན་བར་ཡིན་པ་དང་དུས་ཡུན་ཉིན20ཡོད། མིང་ཐོ་འགོད་པའི་དུས་སུ། ཞིང་ཆེན་ཡོངས་ཀྱིས་ཐོག་མཐའ་བར་གསུམ་དུ“ནན་ཐོག་ནན་བརྩེགས་དང་ཞིབ་ཐོག་ཞིབ་བརྩེགས”ཀྱི་ལས་ཀའི་སྤྱོད་ཚུལ་དང་དེ་བཞིན་བློ་གཅིག་སེམས་གཅིག་གིས་རྒྱུགས་སྤྲོད་སློབ་མར་སེམས་རྩ་འཁོལ་པོས་ཞབས་འདེགས་ཞུ་བའི་ལས་ཀའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ཚད་གཞི་མཐོན་པོས་རྒྱུགས་སྤྲོད་སློབ་མར་ཞབས་འདེགས་ཞུས་ཤིང་། ཞིང་ཆེན་དང་གྲོང་ཁྱེར(ཁུལ)གྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད2020ལོའི་རྒྱལ་ཁབ་ཀྱི་གཅིག་གྱུར་ཁྲིམས་ལུགས་ལས་རིགས་ཐོབ་ཐང་རྒྱུགས་ལེན་གྱི་མིང་འགོད་ལས་དོན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད།
          སྡོམ་རྩིས་བྱས་པ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱི་དྲ་ཐོག་མིང་འགོད་མི་གྲངས4892ཡོད་པ་དང་། དངུལ་སྤྲད་མི་གྲངས4754ཡོད་པ་དེ་ན་ནིང་གི་དུས་མཚུངས་ལས་མི980འཕར་ཡོད། འཕར་ཚད30%ཟིན་ནས་རྒྱལ་ཡོངས་ཀྱི་འཕར་ཚད་ཆེ་ཤོས་ཀྱི་ཞིང་ཆེན་གྱི་གྲས་རེད། །