དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ཞི་བདེ་སྲུང་སྐྱོབ་དང་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་དྲང་བདེན་གྱི་དམག་འཁྲུག

སྤེལ་དུས 2020-10-28 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
རིགས་གཅིག་མཁས་ཅན་གྱིས་ཨ་འགོག་ཁྲའོ་རོགས་དམག་འཁྲུག་གི་འཛམ་གླིང་གི་དོན་སྙིང་སྐོར་གླེང་བ།
          ལོ་ངོ་70ཡི་གོང་། ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཨ་འགོག་ཁྲའོ་རོགས་དང་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས་ཁྲའོ་ཞན་གྱི་གཡུལ་སར་བསྐྱོད་དེ་ཁྲའོ་ཞན་གྱི་དམག་དམངས་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བརྒྱབ་ཡོད། རིགས་གཅིག་མཁས་ཅན་མང་པོས་བཅར་འདྲི་དང་ལེན་བྱེད་སྐབས། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ནི་ཞི་བདེ་སྲུང་སྐྱོབ་དང་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་དྲང་བདེན་གྱི་དམག་འཁྲུག་ཅིག་ཡིན་པས། འཛམ་གླིང་གི་ཞི་བདེ་དང་མིའི་རིགས་ཀྱི་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད་ཅེས་བརྗོད།
          “ཨ་འགོག་ཁྲའོ་རོགས་དང་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་འཐབ་ཇུས་ཀྱི་ཇུས་ཐག་གལ་ཆེན་བཅད་པ་ནི་ཀྲུང་གོའི་བདེ་འཇགས་ལ་བསམ་བློ་བཏང་བ་དང་ཁྲའོ་ཞན་འཇིག་ཉེན་ལས་སྐྱོབ་པའི་སྐབས་ཀྱི་དགོས་མཁོར་བསམ་གཞིག་བྱས་པ་ཞིག་ཡིན་ལ། ཨེ་ཤེ་ཡ་དང་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་བྱེད་པར་དམིགས་པ་ཞིག་ཀྱང་ཡིན། དེ་ཐོག་ནས་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་ཆེན་པོ་མཚོན་ཡོད”ཅེས་དམག་དོན་ཚན་རིག་ཁང་གི་ཞིབ་འཇུག་པ་ཏིང་ཝུའེ་ཡིས་བརྗོད།
          ཡ་ང་སྙིང་རྗེ་མེད་པའི་གཡུལ་སའི་ཐོག་ཀྲུང་གོ་མི་དམངས་དང་བླངས་དམག་གིས་ཁྲའོ་ཞན་མི་དམངས་དང་དམག་དཔུང་དང་སྐྱིད་སྡུག་མཉམ་མྱོང་དང་ཤི་གསོན་མཉམ་གནས་བྱས་ཏེ་ལོ་གཉིས་དང་ཟླ་བ་དགུའི་རིང་ཁྲག་བཏོན་དམར་འཛིང་བྱས་པ་བརྒྱུད། དམག་འཁྲུག་ལ་རླབས་ཆེན་གྱི་རྒྱལ་ཁ་ཐོབ་ཡོད།
          རིགས་གཅིག་མཁས་ཅན་གྱིས། ཨ་འགོག་ཁྲའོ་རོགས་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེས་ཨ་རི་བཙན་རྒྱལ་རིང་ལུགས་ཀྱིས་བཙན་འཛུལ་རྒྱ་སྐྱེད་གཏོང་བའི་སྨྱོ་ཧམ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནུས་ལྡན་བཏང་བ་དང་། འཛམ་གླིང་ཡོངས་ཀྱི་གཉའ་གནོན་མྱོང་མཁན་མི་རིགས་དང་མི་དམངས་ཀྱིས་མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་དྲང་བདེན་གྱི་བྱ་གཞག་ལ་སྐུལ་མ་ཆེན་པོ་ཐེབས་ནས་ཀྲུང་གོའི་རྒྱལ་སྤྱིའི་གནས་བབ་སྔར་མེད་ཇེ་མཐོར་སོང་ཡོད་ཅེས་བརྗོད།
          རྒྱལ་སྲུང་སློབ་ཆེན་རྒྱལ་ཁབ་བདེ་འཇགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་དབྱིན་ཀྲེང་ཏ་ཡིས། ཀྲུང་གོ་མི་དམངས་དང་བླངས་དམག་དང་ཀྲུང་གོ་མི་དམངས་ཀྱིས་བརྒྱབ་པའི་ཨ་འགོག་ཁྲའོ་རོགས་དམག་འཁྲུག་ནི་བཙན་དབང་རིང་ལུགས་དང་བཙན་དབང་ཆབ་སྲིད་ལ་འགོག་རྒོལ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་འཛིན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞིར་སྲུང་སྐྱོང་བྱེད་པའི་དྲང་བདེན་གྱི་བྱ་སྤྱོད་ཅིག་ཡིན་པས། འཛམ་གླིང་ཡོངས་ཀྱི་ཞི་བདེར་དགའ་བའི་རྒྱལ་ཁབ་དང་མི་དམངས་ཀྱི་གདུང་སེམས་དང་། རྒྱབ་སྐྱོར། རོགས་སྐྱོར་བཅས་ཐོབ་ཡོད། དེས་ཀྲུང་གོ་དང་ཨེ་ཤེ་ཡ་བྱང་ཤར་ཙམ་མ་ཟད། ཐ་ན་འཛམ་གླིང་ཡོངས་ལ་ཡང་ཤུགས་རྐྱེན་གཏིང་ཟབ་ཐེབས་ཡོད་ཅེས་བརྗོད་པ་རེད།