དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

བོད་ཀྱི་ལས་བྱེད་པ་ཞིག་གཞུང་གི་ལས་གནས་ནས་ཕྱིར་ཕུད་བཏང་བ།

སྤེལ་དུས 2020-11-19 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་ཏུའུ་ཅང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་དོན་ཐོ་འགོད་ཀྱིས་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
          ཞིབ་བཤེར་བྱས་པ་བརྒྱུད། ཏུའུ་ཅང་ལ་ཕུགས་བསམ་དང་དད་སེམས་ཉམས་པ་དང་། ཏང་གཤིས་ཀྱི་རྩ་དོན་དོར་བ། ཏང་ལ་ལྷག་བསམ་ཟོལ་མེད་དང་བློ་དཀར་སེམས་དཀར་མི་བྱེད་པ། ངོ་གཉིས་མ་བྱས་ནས་རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྒོལ་བྱས་པ། སྒྲིག་འགལ་ངང་འབུལ་རྟེན་ལེན་པ། དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་བཟོ་བའི་ཡུལ་སྐོར་བཀོད་སྒྲིག་དང་ལེན་བྱས་པ། བུ་ཕྲུག་སློབ་གྲྭར་བསྐྱོད་རྒྱུར་དུས་ཡུན་རིང་པོའི་ནང་འགྲིམ་འགྲུལ་གྱི་དམིགས་བསལ་ཐོབ་ཐང་སྤྱོད་པ། སྒྲིག་འགལ་དང་ཚད་གཞི་ལས་བརྒལ་ནས་གཞུང་ལས་ཁང་བཀོལ་སྤྱོད་བྱས་པ། དོ་དམ་ཞབས་ཞུ་བྱ་ཡུལ་གྱི་དངུལ་འབོར་ཆེན་ཁེ་གཉེར་རང་བཞིན་གྱི་བྱེད་སྒོར་སྤྱད་པ། དབང་ཆ་སྤྱད་དེ་གཉེན་ཉེར་ཚོང་གཉེར་གྱི་ཁེ་ཕན་སྤྲད་པ། གཏན་འབེབས་ལས་འགལ་ནས་མང་ཚོགས་ལ་གྲོན་དངུལ་ཆ་གསེས་བྱས་པ། འགན་འཁྲི་ལག་བསྟར་ཡག་པོ་མི་བྱེད་པ་དང་། སྲིད་འཛིན་ཁྲིམས་བསྟར་ལ་ཐེ་ཇུས་བྱེད་པ། ཐུན་མོང་གིས་ཞིབ་འཇུག་མ་བྱས་པར་རང་དགར་ཐག་གཅོད་བྱས་པ། རང་མཚམས་ཀྱིས་གསང་བའི་དཔྱད་གཞི་ཉར་ཚགས་བྱས་པ། ལས་གནས་ཀྱི་སྟབས་བདེ་དང་ཤུགས་རྐྱེན་ལ་བརྟེན་ནས། མི་གཞན་ལ་རྣམ་གྲངས་ལེན་རོགས་དང་ལས་ཞུགས་བཀོད་སྒྲིག་སོགས་བྱས་ནས་ཁེ་བཟང་རག་ཐབས་བྱས་པ། ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་དངོས་བླངས་པ་མ་ཟད་གྲངས་འབོར་ཧ་ཅང་ཆེ་བ་བཅས་ཀྱི་གནས་ཚུལ་ཡོད་པ་རེད།
          ཏུའུ་ཅང་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་ཀྱང་། ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས། ལས་ཐོག་ཁྲིམས་འགལ་གྱི་ཉེས་པ་བསགས་པ་དང་སྦྲགས། ལྐོག་རྔན་ལེན་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། ད་དུང་མཚམས་དང་ཚོད་མེད་པའི་བྱེད་སྤྱོད་སྤེལ་བས། ངེས་པར་དུ་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཏུའུ་ཅང་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུའི་ཆད་པ་གཅོད་རྒྱུ་དང་། བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ལྷན་གྱིས་ཏུའུ་ཅང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱ་རྒྱུའི་ཆད་པ་གཅོད་རྒྱུ། དེ་བཞིན་ཁོ་པའི་ཁྲིམས་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་རྒྱུ་མ་ཟད། ཉེས་གསོག་དོགས་ཡོད་ཀྱི་གནད་དོན་ཞིབ་དཔྱོད་ལས་ཁུངས་སུ་རྩིས་སྤྲད་ནས་ཁྲིམས་ལྟར་ཞིབ་བཤེར་དང་ཞུ་གཏུག་བྱ་རྒྱུ་ཡིན་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།