དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་ནག་འབྲེལ་ཉེས་ཅན31ཚང་མ་རྩད་ཆོད་པ།

སྤེལ་དུས 2020-11-20 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཟླ11པའི་ཚེས17ཉིན་གྱི་དུས་ཚོད13སྟེང་། ནག་ཉེས་མཁན་ཏའོ་ཡུང་ཧྥུའུ་ཡུན་ནན་ནས་རྙིད་རྒྱ་རུ་ཚུད་པ་དང་བསྟུན་ནས།རང་ཞིང་གི་སྤྱི་བདེ་ལས་ཁུངས་ཀྱིས་བྱ་དགའ་བྱིན་ནས་འཛིན་བཟུང་བྱེད་ཀྱིན་པའི་ནག་འབྲེལ་ཉེས་ཅན31པོ་ཚང་མ་རྩད་ཆོད་པ་དང་།ནག་འཇོམས་ངན་སེལ་གྱི་ཉེས་ཅན་མེད་པར་བཟོ་བའི་བྱ་འགུལ་མཇུག་སྒྲིལ།
          ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཞིང་ཆེན་མི་དམངས་སྲིད་གཞུང་།སྤྱི་བདེ་ལས་ཁུངས་ཀྱིས་ནག་འཇོམས་ངན་སེལ་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་ཆེད་སྤྱོད་འཐབ་རྩོད་ཀྱི་བཀོད་སྒྲིག་འོག མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་གྱིས་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། འགན་འཁྲི་ཇེ་དྲག་ཏུ་བཏང་ནས་ནག་འཇོམས་ངན་སེལ་གྱི་ཆེད་སྤྱོད་འཐབ་རྩོད་གཏིང་ཟབ་ཏུ་སྤེལ། 2019ལོའི་ཟླ11པར། ནག་འཇོམས་ངན་སེལ་གྱི་ཆེད་སྤྱོད་འཐབ་རྩོད་གཏིང་ཟབ་ཏུ་སྤེལ་བ་དང་། ནག་ཉེས་སྟོབས་ཤུགས་ལ་རྒོལ་རྡུང་བཏང་ནས། ཞིང་ཆེན་སྤྱི་བདེ་ཐིན་གྱི་སགཅིག་གྱུར་བཀོད་སྒྲིག་སྒོས“ཉིན་བརྒྱའི་འཛིན་བཟུང”གི་བྱ་འགུལ་སྤེལ་ཏེ། སྤྱི་བསྒྲགས་ངང་དོགས་ཡོད་ཉེས་ཅན་31པོ་ཚང་མ་འཛིན་བཟུང་བྱས། 
          ནག་འཇོམས་ངན་སེལ་གྱི་ཆེད་སྤྱོད་འཐབ་རྩོད་སྤེལ་བའི་རིང་ལ།མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་སྤྱི་བདེ་ཅུའུ་ཡིས་ཏའོ་ཡུང་ཧྥུའུ་སོགས་གཙོས་པའི་ཉེས་ཅན་གྱི་ཤོ་རྒྱག་ས་དང་།མགོ་གཡོག་མགོ་སྐོར་སོགས་ཀྱི་ནག་ཉེས་ཚོགས་པ་མེད་པར་བཟོས།།
རྩོམ་སྒྲིག་པ། བདེ་སྒྲོལ།