དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

འདིར་བསྐྱོད་ན་སྤྱི་ཚོགས་འགན་སྲུང་གཱ་ལམ་སེང་བཟོ་ཐུབ་ཀྱི་འདུག

སྤེལ་དུས 2020-11-24 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
          《སྤྱི་ཚོགས་འགན་སྲུང་གཱ་བཟོ་བ་དང་སྤྲོད་པའི་དུས་འཁོར་ཐུང་དུ་གཏོང་བ་དང་དོ་དམ་ཞབས་ཞུ་ལེགས་སུ་གཏོང་བའི་སྐོར་གྱི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་གཞུང་དོན་ཐིང་གི་བརྡ་ཐོའི》(མི་སྤྱི་ཐིང་སྤེལ[2019]ཡིག་ཨང་79པ)དགོངས་དོན་དོན་འཁྱོལ་དང་། ལྷ་ས་གྲོང་ཁྱེར་གྱི་མང་ཚོགས་ཚོར་སྤྱི་ཚོགས་འགན་སྲུང་གཱ་འཕྲལ་མར་བཟོས་ནས་ལེན་ཐུབ་པ་དང་། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་སྤྱི་ཚོགས་འགན་སྲུང་གཱ་ཡི་མཉམ་ལས་དངུལ་ཁང་དང་འབྲེལ་བ་ཧུར་ཐག་བཅས་བྱ་ཆེད། མིག་སྔར། ཀྲུང་གོ་དངུལ་ཁང་སྤྱི་ཚོགས་འགན་སྲུང་གཱ་ཡི་རང་འདེམས་གཞི་གཅིག་ཅན་གྱི་འཕྲུལ་ཆས་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་ཚོམས་ཆེན་དུ་སྒྲིག་སྦྱོར་བྱས་ཡོད་པ་མ་ཟད་དངོས་སུ་སྤྱོད་འགོ་ཚུགས་ཡོད་པ་རེད། 

          སྤྱི་ཚོགས་འགན་སྲུང་གཱ་ཡི་རང་འདེམས་གཞི་གཅིག་ཅན་གྱི་འཕྲུལ་ཆས་དེ་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་ཚོམས་ཆེན་དུ་སྒྲིག་སྦྱོར་བྱས་པའི་རང་འདེམས་གཞི་གཅིག་ཅན་གྱི་འཕྲུལ་ཆས་དང་པོ་དེ་རེད། འཕྲུལ་ཆས་དེས་ལྷ་སའི་གྲོང་མིའི་སྤྱི་ཚོགས་འགན་སྲུང་གཱ་ཡི་ཆ་འཕྲིན་འཚོལ་བསྡུ་དང་། གཱ་དུས་ཐོག་ཏུ་བརྗེ་བ། རྨང་གཞིའི་ཆ་འཕྲིན་བཟོ་བཅོས་སོགས་བྱེད་ཐུབ་ཀྱི་ཡོད། 
          སྤྱི་ཚོགས་འགན་སྲུང་ལྟེ་གནས་ཀྱི་འགན་འཁུར་བས། མང་ཚོགས་ཀྱིས་གཞི་གཅིག་ཅན་གྱི་འཕྲུལ་ཆས་ནས་རྨང་གཞིའི་ཆ་འཕྲིན་འཚོལ་བསྡུའམ་ཡང་ན་གཱ་བརྗེ་པོ་རྒྱག་པ་སོགས་ཀྱི་ལས་སྒོ་གཉེར་ཆོག འཕྲུལ་ཆས་དེ་སྤྱད་པ་ནས་བཟུང་། མང་ཚོགས་ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་མི་དགོས་པ་དང་། ལས་ཕྱོད་ཆེ་རུ་དང་འགྲོ་ལུགས་སྟབས་བདེ་རུ་སོང་ཡོད་པ། སྐར་ཁུང་དུ་བང་ཡུན་རིང་པོ་སྒྲིག་མི་དགོས་པས། མང་ཚོགས་བློ་ཡིད་ཚིམ་ཚད་ཆེ་རུ་ཕྱིན་པ་མ་ཟད། སྤྱི་ཚོགས་འགན་སྲུང་གཱ་ཡི་ཆ་འཕྲིན་འཚོལ་བསྡུ་བྱེད་པའི“མཐའ་མའི་འགག་གནད”བཤངས་ནས། ཕྱོགས་བསྡུས་བཀོལ་སྤྱོད་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད། གོམ་སྟབས་རྗེས་མར། ང་ཚོས་གཞི་གཅིག་ཅན་གྱི་འཕྲུལ་ཆས་དེ་ནས་སྤྱི་ཚོགས་འགན་སྲུང་གཱ་ཡི་དངུལ་རྩའི་ནུས་པ་ཐོན་པ་དང་སྤྱི་ཚོགས་འགན་སྲུང་གི་ཆ་འཕྲིན་འཚོལ་བཤེར་སོགས་ཀྱི་ནུས་པ་མང་པོ་བེད་སྤྱོད་གཏོང་ཐུབ་པ་བྱས་ནས། མང་ཚོགས་ལ་སྤྱི་ཚོགས་འགན་སྲུང་གཱ་ཡི་ལས་སྒོ་གཉེར་བར་དེ་བས་སྟབས་བདེ་བསྐྲུན་རྒྱུ་ཡིན་ཞེས་བཤད་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།