ཆབ་མདོ་གྲོང་ཁྱེར་གྱིས་དམངས་ཡོངས་ཁྲིམས་ལུགས་ཁྱབ་གདལ་གྱི་རྣམ་པ་བསྐྲུན་ནས་ཁྲིམས་སྐྱོང་ཆབ་མདོ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་།
སྤེལ་དུས 2020-12-02
ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།
རྩོམ་པ་པོ།
“བདུན་ལྔ”ཁྲིམས་ལུགས་ཁྱབ་གདལ་ལག་བསྟར་བྱས་པའི་ཚུན། ཆབ་མདོ་གྲོང་ཁྱེར་གྱིས་ཁྲིམས་ལུགས་ཁྱབ་གདལ་འགན་འཁྲིའི་ལམ་ལུགས་ཀྱི་བླང་བྱ་དོན་དངོས་འབེབས་ནན་ཏན་བྱས་ཏེ་ཁྲིམས་ལུགས་ཁྱབ་གདལ་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་བ་དང་། དམངས་ཡོངས་ཀྱི་ཁྲིམས་ལུགས་ཁྱབ་གདལ་གྱི་རྣམ་པ་གསར་བ་ཧུར་ཐག་གིས་སྐྲུན་ནས“བདུན་ལྔ”ཁྲིམས་ལུགས་ཁྱབ་གདལ་ལས་དོན་གཏིང་ཟབ་དུ་སྤེལ་བར་སྐུལ་འདེད་ནུས་ལྡན་བཏང་།
ཆབ་མདོའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཁྲིམས་ལུགས་ཁྱབ་གདལ་གྱི་འདུ་ཤེས་བསམ་ཕྱོགས་དང་། བྱེད་སྟངས་བྱ་ཐབས། སྒྲིག་སྲོལ་ལམ་ལུགས་བཅས་གསར་གཏོད་ཧུར་ཐག་བྱས་ནས་ཁྲིམས་ལུགས་ཁྱབ་གདལ་ལས་དོན་གྱི་ཁྲིམས་སྐྱོང་ཆབ་མདོ་འཛུགས་སྐྲུན་ཁྲོད་ཀྱི་སྔོན་ཁྲིད་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ནུས་བར་ཐོག་མཐའ་བར་གསུམ་དུ་མཐོང་ཆེན་གནང་བ་དང་། ཁྲིམས་ལུགས་ཁྱབ་གདལ་ལས་དོན་ལ་སྐུལ་འདེད་བཏང་ནས་ཁྲིམས་སྐྱོང་ལག་ལེན་བྱ་འགུལ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་།
དགོན་སྡེའི་གྲྭ་བཙུན་དང་། རོང་འབྲོག་མང་ཚོགས། གཞོན་ནུ་ལོ་ཆུང་སློབ་མ་བཅས“གལ་ཆེའི་ནང་གི་དོན་ཆེན་གསུམ”དང་འགོ་ཁྲིད་ལས་བྱེད་པ“འགག་རྩའི་ཉུང་ཤས”དེ་གཙོ་རྐང་དུ་བཟུང་སྟེ། གྲོང་ཁྱེར་ཡོངས་ཀྱི་ཁྲིམས་བཀུར་ཁྲིམས་སྦྱོང་ཁྲིམས་སྲུང་ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་ཆགས་པར་སྐུལ་འདེད་བཏང་། བདུན་ལྔའི་སྐབས་སུ། བཅའ་ཁྲིམས་དྲིལ་བསྒྲགས་སློབ་གསོའི་བྱ་འགུལ་སྣ་ཚོགས་ཐེངས9355སྤེལ་བ་དང་། ཁྲིམས་སྐྱོང་འཆད་ཁྲིད་སྣ་ཚོགས་དང་གསོ་སྦྱོང་ཐེངས3126སྤེལ་ལ། ཁྲིམས་སྐྱོང་དྲིལ་བསྒྲགས་དཔྱད་ཡིག་སྣ་ཚོགས་ཁྲི173.3སྤྲད་པ་དང་། མང་ཚོགས་ཀྱི་བཅའ་ཁྲིམས་བློ་འདྲི་མི་ཐེངས51960ལྷག་ལ་ལན་བཏབ་པ་དང་། རིགས་སོ་སོའི་དྲ་ཐོག་ཡིག་རྒྱུགས་ལན་འདེབས་པའི་བྱ་འགུལ་ནང་ཞུགས་པའི་མི་ཐེངས་ཁྲི15ལྷག་སླེབས་ཡོད།
ད་ལོར་ཆབ་མདོ་གྲོང་ཁྱེར“རྒྱལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་གི་དཔེ་སྟོན་གྲོང་ཁྱེར”ལ་བདམས་པ་དང་། ཆབ་མདོ་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་རྒྱལ་ཡོངས་ཀྱི“བདུན་ལྔ”ཁྲིམས་ལུགས་ཁྱབ་གདལ་དུས་འབྲིང་གི་སྔོན་ཐོན་མཉམ་སྡེབ་ལ་བདམས། དཔའ་ཤོད་རྫོང་རྒྱལ་ཡོངས་ཁྲིམས་སྐྱོང་རྫོང(གྲོང་ཁྱེར་དང་ཆུས)གསར་གཏོད་བྱ་འགུལ་གྱི་སྔོན་ཐོན་སྡེ་ཚན་དང་རྒྱལ་ཡོངས་ཀྱི“ལྔ་བདུན”དུས་འབྲིང་གི་སྔོན་ཐོན་རྫོང་དུ་བདམས་ནས། བྲག་གཡབ་རྫོང་ཡན་ཏོ་གྲོང་རྡལ་ཀྲུང་ཧ་གྲོང་གསར་སྐོར་ཁག་བདུན་པའི“རྒྱལ་ཡོངས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་དཔེ་སྟོན་གྲོང་ཚོར”བདམས་པ་རེད། །
རྩོམ་སྒྲིག་པ། བདེ་སྒྲོལ།