བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན་ཀའོ་ཧུང་ཧྲེང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པར་བརྟེན། མིག་སྔར་རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།
ཀའོ་ཧུང་ཧྲེང་གི་ལོ་རྒྱུས་མདོར་བསྡུས་གཤམ་གསལ།
ཀའོ་ཧུང་ཧྲེང་། སྐྱེས་པ། རྒྱ་རིགས། 1966ལོའི་ཟླ་10པར་སྐྱེས། ཧྲན་ཏུང་ཧོ་ཙེ་ཡི་མི་ཡིན། འབུམ་རམས་པའི་ཡོན་ཚད་ལྡན། 1988ལོའི་ཟླ་7པར་ལས་ཀར་ཞུགས། 1995ལོའི་ཟླ་1པོར་ཀྲུང་གོ་གུང་ཁྲན་ཏང་ནང་དུ་ཞུགས།
1988ལོའི་ཟླ་7པ་ནས་1998ལོའི་ཟླ་8པ་བར། ཧོ་ནན་ཞིང་ཆེན་ཕིང་ཏིང་ཧྲན་གྲོང་ཁྱེར་སྤྱི་བདེ་ཅུས་ཞིན་ཧྭ་ཁུལ་ཡན་ལག་ཅུས་ཀྱི་ལས་བྱེད་པ་བྱས།
1998ལོའི་ཟླ་8པ་ནས་1999ལོའི་ཟླ་6པའི་བར། ཀྲུང་གོའི་མི་དམངས་སྤྱི་བདེ་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་འཆད་ཁྲིད་དགེ་རྒན་དང་འབྲིང་རིམ་གྱི་འགོ་འཛིན་བྱས།
1999ལོའི་ཟླ་6ནས་2000ལོའི་ཟླ་11པའི་བར། ཀྲུང་གོའི་མི་དམངས་སྤྱི་བདེ་སློབ་ཆེན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་(ཁོའོ་རིམ་པ་རྒན་པ་)བྱས།
2000ལོའི་ཟླ་11པ་ནས་2002ལོའི་ཟླ་12པའི་བར། ཀྲུང་གོའི་མི་དམངས་སྤྱི་བདེ་སློབ་ཆེན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་(ཁྲུའུ་རིམ་པ་གཞོན་པ་)བྱས།
2002ལོའི་ཟླ་12པ་ནས་2004ལོའི་ཟླ་4པའི་བར། ཀྲུང་གོའི་མི་དམངས་སྤྱི་བདེ་སློབ་ཆེན་ཕྱི་དོན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་(ཁྲུའུ་རིམ་པ་གཞོན་པ་)བྱས།
2004ལོའི་ཟླ་4པ་ནས་2009ལོའི་ཟླ་7པའི་བར། ཀྲུང་གོའི་མི་དམངས་སྤྱི་བདེ་སློབ་ཆེན་ཕྱི་དོན་གཞུང་ལས་ཁང་གི་ཀྲུའུ་རེན་(ཁྲུའུ་རིམ་པའི་དངོས་གཞི)བྱས།
2009ལོའི་ཟླ་བ་7པ་ནས་2013ལོའི་ཟླ་བ་9པའི་བར། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཏང་ཙུའུ་ཡི་སྒྲིག་བཤེར་ཚོགས་ཆུང་དང་ལྟ་ཞིབ་པུའུ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ལྟ་ཞིབ་ཅུས་སུ་མངགས་གཏོང་བྱས་པའི་གྱོད་གཞི་འདྲི་ཞིབ་ཁང་གི་ཁྲུའུ་རིམ་པ་རྒན་པའི་སྒྲིག་བཤེར་པ་བྱས།
2013ལོའི་ཟླ་9པ་ནས་2014ལོའི་ཟླ་11པའི་བར། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཏང་ཙུའུ་ཡི་སྒྲིག་བཤེར་ཚོགས་ཆུང་དང་ལྟ་ཞིབ་པུའུ་དམངས་སྤྱོད་མཁའ་འགྲུལ་ཅུས་ལྟ་ཞིབ་ཅུས་ཀྱི་གཞུང་དོན་ཁང་གི་ཁྲུའུ་རིམ་པ་རྒན་པའི་སྒྲིག་བཤེར་པ་བྱས།
2014ལོའི་ཟླ་11ནས་2016ལོའི་ཟླ་11པའི་བར། བོད་རང་སྐྱོང་ལྗོངས་ལྟ་ཞིབ་ཐིང་གི་ཐིང་ཀྲང་གཞོན་པ་བྱས།
2016ལོའི་ཟླ་11པ་ནས་2017ལོའི་ཟླ་12པའི་བར། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུ་དང་ལྟ་ཞིབ་ཐིང་གི་ཐིང་ཀྲང་གཞོན་པ་བྱས།
2017ལོའི་ཟླ་12པ་ནས་2018ལོའི་ཟླ་1པོའི་བར། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན་གྱི་འོས་མི་བྱས།
2018ལོའི་ཟླ་1པོ་ནས་ད་བར། བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་རྒྱུན་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱི་ཨུ་ཡོན་བྱས།
རྩོམ་སྒྲིག་པ། བདེ་སྒྲོལ།