དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

བོད་ལྗོངས་ཀྱི་ཁྲལ་དོན་ཐོ་འགོད་སྙན་སེང་ཆ་འཕྲིན་ཞིབ་དཔྱད་ཀྱི་ལས་སྒོ་ཐོག་མ་གྲུབ་འབྲས་ཐོབ་པའི་ངང་དོན་འཁྱོལ་བྱུང་བ།

སྤེལ་དུས 2020-12-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉིན་ཤས་གོང་གསར་འགོད་པས་ཕྱི་དངུལ་དོ་དམ་ཅུས་བོད་ལྗོངས་ཡན་ལག་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་གོ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས་ཉེ་ཆར་རྒྱལ་སྒྲོལ་དངུལ་རྩའི་ཁུལ་གྱི་ཚན་ཚན་ཕྲེང་འབྲེལ་ཞབས་ཞུའི་ལས་སྟེགས་སུ་བོད་ལྗོངས་ཀྱི་ཁྲལ་དོན་ཐོ་འགོད་ཆ་འཕྲིན་ཞིབ་དཔྱད་ཀྱི་ལས་སྒོ་ཐོག་མ་ལེགས་གྲུབ་བྱུང་བ་དང་། ཞིབ་དཔྱད་ཐུབ་རྗེས་ཞབས་ཞུའི་ཚོང་དོན་གྱི་ཕྱི་ཕྱོགས་གཏོང་སྤྲོད་ལེགས་གྲུབ་བྱུང་ཡོད།
          རྒྱལ་སྲིད་སྤྱི་ཁྱབ་ཁང་གི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་འཐབ་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཞབས་ཞུའི་ཚོང་དོན་གྱི་ཕྱི་དངུལ་ལས་སྒོའི་བརྒྱུད་རིམ་སྔར་བས་ལེགས་སུ་བཏང་ནས་རྒྱལ་ནང་གི་ལས་ཁུངས་དང་མི་སྒེར་གྱི་ཞབས་ཞུའི་ཚོང་དོན་གྱི་ཕྱི་ཕྱོགས་གཏོང་སྤྲོད་བྱ་རྒྱུར་སྟབས་བདེ་སྐྲུན་ཆེད། རྒྱལ་ཁབ་ཕྱི་དངུལ་ཅུས་ཀྱིས་2020ལོའི་ཟླ་11ཚེས་1ཉིན་ནས་བཟུང་རྒྱལ་སྒྲོལ་དངུལ་རྩའི་ཁུལ་གྱི་ཚན་ཚན་ཕྲེང་འབྲེལ་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས“ཞབས་ཞུའི་ཚོང་དོན་གྱི་ཕྱི་ཕྱོགས་གཏོང་སྤྲོད་ཀྱི་ཁྲལ་དོན་ཐོ་འགོད་སྙན་སེང་ཆ་འཕྲིན་དྲ་བ་ནས་ཞིབ་དཔྱད”བྱེད་པའི་ནུས་པ་ཚོད་ལྟའི་འཁོར་སྐྱོད་ལས་དོན་སྤེལ་བ་དང་། ཁྲལ་དོན་ཐོ་འགོད་སྙན་སེང་ཆ་འཕྲིན་ཞིབ་དཔྱད་ཀྱི་ནུས་པ་གཙོ་བོར་ཁྲལ་དོན་ཐོ་འགོད་སྙན་སེང་གི་རེའུ་མིག་དང་ཞབས་ཞུའི་ཚོང་དོན་གཏོང་སྤྲོད་ལས་སྒོ་མཉམ་འགུལ་བྱ་རྒྱུ་མངོན་འགྱུར་བྱུང་ཡོད། ད་དུང་དངུལ་ཁང་གི་དྲ་ཕྱི་ནས་ཞིབ་བསྡུར་བྱེད་པའི་ལས་རིམ་རྙོག་འཛིང་ཅན་སྟབས་བདེ་བཟོས་ནས་དངུལ་ཁང་གི་གཏོང་སྤྲོད་ཀྱི་ཉེན་ཁ་ཚོད་འཛིན་གྱི་ནུས་པ་ཇེ་མཐོར་བཏང་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཕྱི་དངུལ་དོ་དམ་ཅུས་བོད་ལྗོངས་ཡན་ལག་ཅུས་ལ་2020ལོའི་ཟླ་6པའི་ཟླ་སྨད་དུ་ཕྱི་དངུལ་དོ་དམ་ཅུས་ཀྱི་རྒྱལ་སྒྲོལ་དངུལ་རྩའི་ཁུལ་གྱི་ཚན་ཚན་ཕྲེང་འབྲེལ་ཞབས་ཞུའི་ལས་སྟེགས་ཀྱི་ཚོད་ལྟའི་ལས་དོན་ནང་ཞུགས་པའི་ཆོག་མཆན་ཐོབ་པ་ནས་བཟུང་། ཁོངས་གཏོགས་ཡན་ལག་ཅུས་དང་ཚོད་ལྟའི་དངུལ་ཁང་ལ་རྒྱལ་སྒྲོལ་དངུལ་རྩའི་ཁུལ་གྱི་ཚན་ཚན་ཕྲེང་འབྲེལ་ཞབས་ཞུའི་ལས་སྟེགས་ཀྱི་ལས་སྒོའི་ཤེས་བྱ་སྔ་རྗེས་སུ་དྲིལ་བསྒྲགས་བྱས་པ་དང་། དྲིལ་བསྒྲགས་བྱས་པ་བརྒྱུད་བོད་ལྗོངས་ཡན་ལག་ཅུས་ཀྱི་ཐད་གཏོགས་དངུལ་ཁང་7ལས་སྟེགས་ཚོད་ལྟའི་ལས་དོན་ནང་ཞུགས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།