དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

གློག་འཕྲིན་དྲ་རྒྱའི་ཁ་བསླུས་ཉེས་གསོག་གཏན་འགོག་མཐའ་གཅིག་ཏུ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

སྤེལ་དུས 2020-12-10 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
          ཚེས་7ཉིན་རྒྱལ་དོན་ཨུ་ཡོན་དང་སྤྱི་བདེ་པུའི་པུའུ་ཀྲང་ཀྲའོ་ཁེ་ཀྲི་ཡིས་རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས་སུ་བརྟག་ཞིབ་གནང་སྐབས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོཌ་ཐེངས་ལྔ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་པ། མི་དམངས་ལྟེ་བར་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། རྡུང་རྡེག་ནན་པོ་གཏོང་བའི་དམ་བསྒྲགས་ཀྱི་རྣམ་པ་རྒྱུན་འཁྱོངས་བཅས་བྱས་ཏེ་རྡུང་རྡེག་དང་བཅོས་སྐྱོང་ཟུང་འབྲེལ་བྱེད་པ་དང་། དྲ་རྒྱའི་ཉེས་གསོག་གསར་པར་ཁྲིམས་ལྟར་རྡུང་རྡེག་ཚ་ནན་གཏོང་བ། གློག་འཕྲིན་དྲ་རྒྱའི་ཁ་བསླུས་གྱོད་གཞི་ཐོན་མང་བའི་རྣམ་པ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
          རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་དང་བཅོས་སྐྱོང་བྱེད་པའི་ལས་དོན་པུའུ་འབྲེལ་མཉམ་ཞུགས་ཚོགས་འདུའི་མཉམ་སྒྲིག་འཐབ་འཛིང་གི་ལས་སྟེགས་ཤིག་ཡིན་པས། གློག་འཕྲིན་དྲ་རྒྱའི་ཁ་བསླུས་སོགས་ཁྲིམས་འགལ་ཉེས་གསོག་གསར་པར་རྡུང་རྡེག་དང་། དོགས་ཟོན། བཅོས་སྐྱོང་བཅས་བྱེད་པའི་ཁྲོད་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཀྲའོ་ཁེ་ཀྲི་ཡིས་རྒྱལ་ཁབ་ཁ་བསླུས་ངོ་རྒོལ་ལྟེ་གནས་ཀྱི་ལས་ཀའི་ཕན་འབྲས་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཆབས་ཅིག སྡེ་ཚན་ཁག་དང་ཚན་པ་ཁག་གི་ལས་དོན་མི་སྣ་དང་སྤྱི་བདེའི་མི་དམངས་ཉེན་རྟོག་པར་འཚམས་འདྲི་ཡང་གནང་བ་རེད། ཁོང་གིས། མི་དམངས་མང་ཚོགས་ཀྱིས་གླེང་མང་བའི་གནད་དོན་མངོན་གསལ་དོད་པོར་དམིགས་པ་དང་ཐབས་ལམ་བཙལ་ནས་རྡུང་རྡེག་ཚ་ནན་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆེད་དོན་རྡུང་རྡེག་དང་བཅོས་སྒྲིག་གི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་གློག་འཕྲིན་དྲ་རྒྱའི་ཁ་བསླུས་སོགས་ཀྱི་ཉེས་གསོག་ཐོན་མང་བའི་རྣམ་པ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ་དང་གྱོད་གཞི་ཐོན་གྲངས་ཉུང་དུ་གཏོང་བ། མང་ཚོགས་ལ་གྱོང་གུན་ཕོག་ཚད་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། རང་རྒྱལ་གྱི་ལམ་ལུགས་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྟོབས་ཤུགས་ཀྱི་ཐོན་ཁུངས་སྔར་བས་བསྡུ་སྒྲིལ་བྱེད་པ། མཉམ་འཛིན་སྤྱི་སྒྲུབ་དང་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། དམངས་ཡོངས་ཀྱིས་ཁ་བསླུས་ལ་ངོ་རྒོལ་དང་སྤྱི་ཚོཌ་ཡོངས་ཀྱིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་རྣམ་པ་གསར་པ་ཞིག་གཏོད་རྒྱུར་སྐུལ་འདེད་གཏོང་དགོས། གྲངས་གཞི་ཆེན་པོའི་རིག་ནུས་ཅན་གྱི་འཛུཌ་སྐྱོང་དང་བཀོལ་སྤྱོད་ལ་མགྱོཌ་མྱུར་སྐུལ་འདེད་གཏོང་བ་དང་། ཉེན་བརྡ་གཏོང་བ་དང་བཀག་སྡོམ་བསླབ་བྱའི་བྱ་ཐབས་ལ་ཤུགས་སྣོན་རྒྱག་པ། གཏོང་སྤྲོད་དང་རྩིས་ཁྲ་བཀག་སྡོམ་གྱི་ལམ་སྲོལ་ལེཌ་སུ་གཏོང་བ། རྩལ་ཐབས་དང་འཐབ་ཐབས་བཀོལ་སྤྱོད་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་གནད་སྨིན་ངང་བརྡར་ཤ་གཅོད་པ་དང་། ཉེན་བརྡ་གཏོང་བ། རྡུང་རྡེག་གཏོང་བ། དོགས་ཟོན་བྱེད་པ་བཅས་མངོན་འགྱུར་ཐུབ་ནས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ནུས་པ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། དངོས་འཐབ་ཀྱི་དམག་སྦྱོང་ཆེན་པོ་བྱས་ཏེ་འཇོན་ནུས་ཆེ་བའི་ཆེད་ལས་ཅན་གྱི་དཔུང་ཁག་གསར་པ་ཞིག་ཧུར་ཐག་གཏོད་དགོས་པའི་བླང་བྱ་བཏོན་པ་རེད། 
རྩོམ་སྒྲིག་པ། བདེ་སྒྲོལ།