དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

སྐྱེས་པ་འདིས་གསང་འཕྲིན་ཕྱིར་གྱར་བས་སྲིད་འཛིན་ཆད་པ་བཅད་འདུག

སྤེལ་དུས 2020-12-10 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           ཁྲེང་ཏུའུ་གྲོང་ཁྱེར་སྤྱི་བདེ་ཅུད་ཁྲེང་ཧྭ་ཆུས་ཡན་ལག་ཅུད་ཀྱི་གཞུང་ཕྱོགས་པོད་ཕྲན་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། སྤྱི་ལོ་2020ལོའི་ཟླ་12པའི་ཚེས་7ཉིན་གྱི་ཆུ་ཚོད་23ཐོག་རང་ལོ་24ལ་སོན་པའི་ཝང་ཆེ་གེ་མོས་ཁྲེང་ཏུའུ་ཡི་རིམས་ནད་དང་འབྲེལ་བ་ཡོད་པའི་ཀྲའོ་ཆེ་གེ་མོའི་སྒེར་གྱི་གསང་འཕྲིན་དང་ས་ཆ་གང་དུ་ཕྱིན་པའི་སྐོར་གྱི་པར་རིས་ཤིག་རང་ཉིད་ཀྱི་པོད་ཕྲན་ཐོག་བརྒྱུད་སྐུར་བྱས་པ་དེས་མི་གཞན་གྱི་གསང་འཕྲིན་ཕྱིར་གྱར་བའི་གནོད་འཚེ་ཚབས་ཆེན་བཟོས་པ་དང་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་ཡོད། སྤྱི་བདེ་ལས་ཁུངས་ཀྱིས་བརྟག་དཔྱད་བྱས་པ་བརྒྱུད། ཝང་ཆེ་གེ་མོས་ཀྲའོ་ཆེ་གེ་མོའི་གསང་འཕྲིན་ཕྱིར་གྱར་བའི་བྱ་སྤྱོད་ཁས་བླངས་པ་མ་ཟད། རང་ཉིད་ཀྱི་ནོར་འཁྲུལ་ལ་ངོས་འཛིན་གསལ་པོ་བྱས་ཡོད། མིག་སྔར། ཝང་ཆེ་གེ་མོ་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་བཅོས་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས་༽ཀྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་བའི་དབང་གིས་སྤྱི་བདེ་ཅུད་ཀྱིས་ཁྲིམས་ལྟར་སྲིད་འཛིན་ཆད་པ་བཅད་ཡོད།

     སྤྱི་བདེ་ལས་ཁུངས་ཀྱིས་དྲན་སྐུལ་ཞུ་རྒྱུར། སྤྱི་དམངས་མི་སྒེར་གྱི་གསང་འཕྲིན་ལ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་པས། སྤྱི་དམངས་སྒེར་གྱི་གསང་འཕྲིན་ཕྱིར་གྱར་བའི་བྱ་སྤྱོད་ལ་སྤྱི་བདེ་ལས་ཁུངས་ནས་ ༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་བཅོས་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས་༽ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ཁྲིམས་ལྟར་བརྟག་དཔྱད་དང་ཐག་གཅོད་བྱ་རྒྱུ་དང་། ཉེས་པ་བསགས་པའི་དོགས་པ་ཡོད་པར་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་གཅོད་བྱ་རྒྱུ་ཡིན་པ་རེད།
     སྤྱི་ཟླ་12པའི་ཚེས་8ཉིན། ཁྲེང་ཏུའུ་གྲོང་ཁྱེར་དུ་ཏོག་གསར་གློ་ཚད་འགོས་པ་གཏན་འཁེལ་བའི་ནད་པ་4དང་ནད་རྟགས་མི་མངོན་པའི་ནད་པ་1མང་དུ་ཕྱིན་ཡོད། དེའི་ཁྲོད། ནད་པ་གཅིག་ནི་སྤྱི་ཟླ་12པའི་ཚེས་7ཉིན་ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་ལུའུ་ཆེ་གེ་མོའི་ཚ་མོ་ཀྲའོ་ཆེ་གེ་མོ་ཡིན་པ་རེད།
     གོང་གསལ་གྱི་ནད་པ་དེ་དག་ཚང་མ་ཁྲེང་ཏུའུ་གྲོང་ཁྱེར་སྤྱི་པའི་འཕྲོད་བསྟེན་གྱི་ནད་ཐོག་སྨན་བཅོས་ལྟེ་གནས་སུ་ལོགས་སུ་དབྱེ་ནས་སྨན་བཅོས་བྱེད་བཞིན་ཡོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།