དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ཁྲེན་རུའེ་ཧྥུང་གིས་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་སྤུས་ཚད་ཇེ་མཐོར་གཏོང་དགོས་པར་ནན་གྱིས་བསྟན།

སྤེལ་དུས 2020-12-10 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          ཟླ12ཚེས8ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། དྲིལ་བསྒྲགས་པུའུ་ཀྲང་། ཞིང་ཆེན་ཏང་ཨུའི་དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཁྲེན་རུའེ་ཧྥུང་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་དུ་བརྟག་ཞིབ་གནང་བར་ཕེབས་ཏེ། ཡུལ་དངོས་སུ་སྒྲིག་གཞི་སྒྲིག་འཛུགས་དང་། མི་སྣ་བཀོད་སྒྲིག ལམ་སྲོལ་འཁོར་སྐྱོད། ལས་ཀའི་ཕན་འབྲས་དངོས་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་།
          ཁྲེན་རུའེ་ཧྥུང་གིས་ཞིང་ཆེན་ཏང་ཨུའི་དྲ་འཕྲིན་གཞུང་ལས་ཁང་གི་ཉེ་བའི་ལོ་ཤས་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་ནས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པར་བྱས་ནས་དྲ་རྒྱའི་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་པ་དང་། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེར་གཏོང་། གཡུལ་ས་གཙོ་བོ་སྟོབས་ཆེར་གཏོང་བ། རང་འགུལ་དམག་འཐབ་ཡག་པོར་བརྒྱབ་ནས་དྲ་ཐོག་གི་བཟང་ཕྱོགས་དྲིལ་སྒྲོག་རྒྱ་ཆེན་པོ་དང་སྟོབས་ཆེ་རུ་གཏོང་བ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་སྒྲོག ལག་བསྟར་བཅས་ཡག་པོ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དྲ་དམངས་དང་ཉེ་བར་བཅར་ནས་ཁྱིམ་ཚང་ཁྲི་སྟོང་མང་པོར་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན། 
          ཁྲེན་རུའེ་ཧྥེང་གིས་གསུང་དོན། ཞི་ཅིན་ཕིང་གི་དྲ་རྒྱའི་སྟོབས་ལྡན་རྒྱལ་ཁབ་ཀྱི་འཐབ་ཇུས་བསམ་བློས་དྲ་ཐོག་ཏུ་གཅིག་གྱུར་གྱིས་དྲིལ་སྒྲོག་བྱེད་པར་རྒྱུན་འཁྱོངས་བྱས་ཏེ། ཀྲུང་དབྱང་གི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། དྲ་ཐོག་གི་གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་དང་ཇེ་ལེགས་སུ་བཏང་ནས་མཐའ་གཅིག་ཏུ་ཉེན་ཁ་སྔོན་འགོག་དང་སེལ་ཐབས་བྱས་ཏེ། དྲ་རྒྱའི་བར་སྟོང་དྭངས་གཙང་ཡོང་བར་བྱེད་དགོས། ཁྲིམས་དང་སྒྲིག་སྲོལ་ལྟར་དྲ་རྒྱའི་བར་སྟོང་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཡང་དག་པའི་དྲ་རྒྱའི་བདེ་འཇགས་ལྟ་བ་བརྟན་པོར་འཛུགས་པ། དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་སློབ་གསོར་ཤུགས་བསྣན་ནས་མི་དམངས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་བྱེད་པ། ངེས་པ་དོན་གྱིས་དྲ་རྒྱའི་དོ་དམ་བཅོས་སྐྱོང་བྱེད་ནུས་དང་ཆུ་ཚད་མཐོ་རུ་གཏོང་དགོས། ངེས་པ་དོན་གྱིས་ཏང་གིས་དྲ་འཕྲིན་ལས་དོན་ལ་གཅིག་གྱུར་མགོ་ཁྲིད་བྱ་རྒྱུར་ཤུགས་བསྣན་ནས། “ལོ་ལྔ་ཚན་བཅུ་བཞི་པའི་”དྲ་རྒྱའི་བདེ་འཇགས་དང་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་འཆར་འགོད་སྒྲིག་བཟོ་ཡག་པོ་བྱེད་པ་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་བཅས་རིམ་པ་གསུམ་གྱི་དྲ་འཕྲིན་ལས་དོན་མ་ལག་ལེགས་སྒྱུར་བྱེད་པ། ཆབ་སྲིད་དང་། སྒྲིག་ཁྲིམས། ལས་སྒོ། སྤྱོད་ཚུལ་བཅས་ཀྱི་ཐད་ནས་ཉམས་སད་ཐེག་ཐུབ་པའི་དྲ་འཕྲིན་དམག་དཔུང་ཞིག་འཛུགས་སྐྱོང་གང་ཐུབ་བྱས་ཏེ། དྲ་འཕྲིན་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས། །
རྩོམ་སྒྲིག་པ། བདེ་སྒྲོལ།