དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ཆེ་དགྲ་ལྷས་གྲོ་མོ་རྫོང་དུ་བརྟག་ཞིབ་གནང་བ།

སྤེལ་དུས 2020-12-17 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
           ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་གྲོ་མོ་རྫོང་དུ་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་ཚུལ་དང་། ཐོན་ལས་འཕེལ་རྒྱས། རིག་དངོས་སྲུང་སྐྱོབ་ལས་དོན་སོགས་ལ་བརྟག་ཞིབ་གནང་བ་རེད།
           གྲོ་མོ་རྫོང་གི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོར་ཆེ་དགྲ་ལྷས་ཡུལ་མི་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་ཚུལ་དང་ལྷག་པར་དུ་ཐོན་ལས་འཕེལ་རྒྱས་དང་མཐའ་མཚམས་གྲོང་མིའི་ཡོང་འབབ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ནན་ཏན་ངང་གསན་པ་རེད། ཆེ་དགྲ་ལྷས། གྲོང་གསེབ་དར་རྒྱས་གཏོང་དགོས་ན་ཐོན་ལས་ལ་བརྟེན་དགོས་པ་དང་ཐོན་ལས་འཕེལ་རྒྱས་གཏོང་བར་ཁྱད་ཆོས་ལྡན་དགོས་ཤིང་། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་རྒྱུ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་རང་ངོས་ཀྱི་དོན་དངོས་དང་འཚམ་པའི་བགྲོད་ལམ་ཞིག་གཏོད་དགོས་པ་དང་། བསམ་བློར་བཅིངས་འགྲོལ་དང་། འདུ་ཤེས་བསྒྱུར་བ། བསམ་ཕྱོགས་གསར་གཏོད་བཅས་བྱས་ཏེ“སའི་གོ་ལའི་སྣེ་གསུམ་པའི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གཏོད་པ་དང་། ས་ཁམས་ཀྱི་ཚོང་རྟགས་གནད་སྨིན་ཡོང་བར་བྱེད་པ། སྤུས་ཚད་ཀྱི་ཚད་གཞི་ནན་དུ་གཏོང་བ”བཅས་ལ་དམ་པོར་དམིགས་ནས་ཁྱད་ཆོས་ལྡན་པར་བྱེད་པའི་ཐད་ཤུགས་བརྒྱབ་སྟེ་ནགས་ཁྲོད་ཐོན་ཁུངས་སོགས་ཁྱད་ལྡན་ལེགས་ལྡན་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས། དཔལ་འབྱོར་མཉམ་ལས་རྩ་འཛུགས་འཐུས་སྒོ་ཚང་དུ་དང་ཚད་ལྡན་དུ་གཏོང་བ་དང་། བོད་སྐྱོར་གྱི་ལེགས་ཆར་བརྟེན་པ། ཕྱུག་འགྱུར་འཇོན་ཐང་ཅན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཁྱད་ལྡན་ཐོན་རྫས་འཁོར་རྒྱུག་གི་ཐབས་ལམ་རྒྱ་ཆེར་གཏོང་བ། ཞིང་འབྲོག་མང་ཚོགས་ཐག་ཉེ་ས་དང་སྟབས་བདེ་ས་དང་སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པའི་སྒོ་ནས་ཐོན་ལས་འཕེལ་རྒྱས་ལ་ཞུགས་རྒྱུར་སྐུལ་ལྕག་བྱེད་པ། ཐོན་ལས་འཁོར་འབྲེལ་གྱི་གནས་ཐང་འཕར་བའི་ཁེ་ཕན་མཉམ་སྤྱོད་ཐུབ་པ་བཅས་ཀྱིས་རྒྱུན་མཐུད་བརྟན་ལྷིང་ངང་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་དགོས་ཞེས་གསུངས་པ་དང་འབྲེལ། ཁོང་གིས་ཡུལ་མི་ཚོར་རྒྱལ་གཅེས་ཀྱི་བརྩེ་སེམས་དར་སྤེལ་ཤུགས་ཆེན་བཏང་སྟེ། ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དེ་མེས་རྒྱལ་གྱི་རྩྭ་རྩི་ཤིང་རེ་རེ་བཞིན་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་ཡང་གནང་བ་རེད།
           ཆིང་རྒྱལ་རབས་དུས་ཀྱི་གྲོ་མོ་འགག་སྒོ་ནི་བོད་ཀྱི་ལོ་རྒྱུས་ཐོག་གི་འགག་སྒོ་དང་པོ་དེ་ཡིན་པ་མ་ཟད། ཀྲུང་དབྱང་སྲིད་གཞུང་གིས་བོད་ས་གནས་ལ་དོ་དམ་ནུས་ལྡན་བྱེད་པ་དང་རྒྱལ་ཁབ་ཀྱི་བདག་དབང་ལ་དམ་བཅའ་འཇོག་པའི་བདེན་དཔང་གལ་ཆེན་ཞིག་ཀྱང་རེད། གྲོ་མོ་འགག་སྒོའི་གནའ་ཤུལ་དུ་ཆེ་དགྲ་ལྷས་གནའ་ཤུལ་ཉམས་གསོ་དང་སྲུང་སྐྱོང་བྱས་ཚུལ་ལ་ཞིབ་ཕྲ་གཟིགས་པ་མ་ཟད་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་ཀྱང་ནན་ཏན་ངང་གསན་ཞིང་། ཁོང་གིས། གྲོ་མོ་འགག་སྒོའི་གནའ་ཤུལ་སོགས་རིག་དངོས་གནའ་ཤུལ་དང་རིག་གནས་ཐོན་ཁུངས་ནས་ལོ་རྒྱུས་ཀྱི་འདས་དོན་འབོར་ཆེན་ཞིག་ཕྱིར་དྲན་བྱེད་ཐུབ། ལོ་རྒྱུས་ཀྱི་འདས་དོན་ཕྱིར་དྲན་ཐུབ་པའི་གནའ་ཤུལ་དེ་དག་སྲུང་སྐྱོང་དང་བེད་སྤྱོད་ཡག་པོ་བྱེད་པ་དེ་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་། ཡུལ་སྐོར་དང་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་བ་སོགས་ཀྱི་ངོས་ནས་བརྗོད་ན་དངོས་ཡོད་དང་ལོ་རྒྱུས་ཀྱི་དོན་སྙིང་འགངས་ཆེན་ལྡན་ཡོད། དེས་ན་གཅིག་གྱུར་འཆར་འགོད་ཀྱིས“ཡུལ་སྐོར་+རིག་གནས”ལ་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་གསར་བརྗེའི་ཡུལ་སྐོར་གྱི་ལམ་ཐིག་རྩེ་གྲ་ཇུས་འགོད་ཞིབ་ཚགས་བྱས་ནས་གཏོད་པ། ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་རིག་གནས་རྒྱུན་འཛིན་ཕན་ཚུན་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མཐའ་མཚམས་ཡུལ་སྐོར་གཏིང་ཟབ་དང་རྒྱ་ཆེ་རུ་གཏོང་བ། དེ་བས་ལེགས་པའི་སྒོ་ནས་རིག་དངོས་ཀྱི་གསོན་ཤུགས་སྤེལ་བ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་བཅས་བྱས་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས་ཞེས་གསུངས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།