དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

བོད་ལྗོངས་སུ་གསར་གཉིས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ་ཕྱོགས་ཡོངས་ལ་ཁྱབ་པ།

སྤེལ་དུས 2020-12-17 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
           གསར་གཉིས་རྩ་འཛུགས་ཏང་འཛུགས་སྐྱོང་གི་རྨང་གཞི་ཞན་པ་དང་། ནུས་པ་ཞན་པ། མ་དངུལ་ཉུང་བ། འགན་ལེན་མི་འདང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་གསར་གཉིས་རྩ་འཛུགས་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་སུ་བཅའ་སྡོད་ལ་བཏང་ནས་ཏང་རྩ་འཛུགས་འཛུགས་པ་དང་ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་ཏེ་གསར་གཉིས་རྩ་འཛུགས་ཏང་འཛུགས་སྐྱོང་ལས་དོན་གྱི་སྤུས་ཚད་ལེགས་སུ་བཏང་བ་རེད། མིག་སྔའི་བར་རང་ལྗོངས་ཀྱིས་གསར་གཉིས་རྩ་འཛུགས་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ་1360བཏང་ནས་གསར་གཉིས་རྩ་འཛུགས་1745ལ་འབྲེལ་གཏུག་མཛུབ་ཁྲིད་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ་ཕྱོགས་ཡོངས་ལ་ཁྱབ་ཐུབ་པ་བྱས་པ་རེད།
           ཤེས་རྟོགས་བྱུང་བར་གཞིཌ་ན། འདེམས་གཏོང་དོ་དམ་ཚད་ལྡན་དང་གོ་རིམ་ལྡན་པའི་འགན་ལེན་བྱ་ཆེད། རང་ལྗོངས་ཀྱིས《རང་སྐྱོང་ལྗོངས་རིམ་པའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ་འདེམས་གཏོང་དོ་དམ་བྱ་ཐབས》བཏོན་ཏེ་མི་གང་འདྲ་ཞིག་འདེམས་པ་དང་། ས་གནས་ཀྱིས་མི་དེ་འདེམས་དོན་གང་ཡིན་པ། མི་བདམས་ནས་གང་ཞིག་བྱེད་དགོས་པ་དང་གང་འདྲ་བྱེད་དགོས་པ། གང་ཞིག་སྒྲུབ་དགོས་པ་སོགས་ཀྱི་ཐད་གཏན་འབེབས་ཁ་གསལ་བྱས་པ་མ་ཟད། ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ་མི་རེ་ངོ་རེར་གདན་ཞུའི་ཡི་གེའང་སྤྲད་པ་རེད། དེ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་གསར་གཉིས་ལས་དོན་ཨུ་ལྷན་གྱིས་ཆེད་མངགས་རང་སྐྱོང་ལྗོངས་རིམ་པའི་གསར་གཉིས་རྩ་འཛུགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པའི་ཆེད་དོན་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་གཉིས་གཉེར་ནས་རང་སྐྱོང་ལྗོངས་རིམ་པའི་གསར་གཉིས་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ་302ལ་ཆེད་དོན་གསོ་སྦྱོང་བྱས་ནས་ལས་ཀའི་འཇོན་ཐང་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་བ་རེད། གཞན་ཡང་། རིམ་ཁག་གསར་གཉིས་ལས་དོན་ཨུ་ལྷན་གྱིས་གསར་གཉིས་རྩ་འཛུགས་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པའི་འབྲེལ་གཏུག་ཚོགས་པ་དང་སྐད་འཕྲིན་ལས་དོན་ཚོགས་པ་དུས་ཐོག་ཏུ་བཙུགས་པ་དང་། ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ་ཁག་གིས་ཀྱང་གསར་གཉིས་རྩ་འཛུགས་དང“གཅིག་གཏད་གཅིག”དང“ངོ་ཐུག་གདོང་འཕྲད”ཀྱི་སྦྲེལ་མཐུད་དང་འབྲེལ་གཏུག་ཧུར་ཐག་བྱས་པ་དང་། ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པའི་ལས་དོན་གྱི་ཉིན་ཐོ་འབྲི་བའི་ལམ་ལུགས་བཙུགས་ཏེ། གསར་གཉིས་རྩ་འཛུགས་ལ་གནད་དོན་ཐག་གཅོད་བྱེད་རོགས་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།