དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

གྲོང་ཁྱེར་འདིས་ནར་མ་སོན་པའི་མིར་ཆང་རག་བཙོང་མི་ཆོག་པ་བཟོས་འདུག

སྤེལ་དུས 2021-01-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
           《ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ས་ཁུལ་གྱི་བདེ་ཐང་སྒྲིག་སྲོལ་》ནི་ད་ལོའི་སྤྱི་ཟླ་1པོའི་ཚེས་1ཉིན་ནས་དངོས་སུ་ལག་བསྟར་བྱས་ཤིང་། དེའི་ཁྲོད་ཀྱི་སྒྲིག་སྲོལ་ལས་ནར་མ་སོན་པའི་མིར་ཨ་རག་ཉིང་ཁུ་འདུས་པའི་བཏུང་བྱའི་རིགས་ཕྱིར་ཚོང་བྱེད་མི་རུང་བ་གསལ་པོར་གཏན་འབེབས་བྱས་ཡོད་པ་མ་ཟད། ཨ་རག་ཉིང་ཁུ་འདུས་པའི་བཏུང་བྱའི་རིགས་དང་དབུགས་ལྡན་སྐོམ་ཆུའི་རིགས་ཕྱིར་འཚོང་བྱེད་མཁན་གྱིས་ཚོང་སྒྲོམ་སྟེང་དུ་ཚད་གཞི་དང་མཐུན་པའི་བདེ་ཐང་སྣེ་སྟོན་མཚོན་རྟགས་བྲི་དགོས་པ་གཏན་འབེབས་བྱས་ཡོད།

           ཧྲེན་ཀྲེན་གྱི་སྒོ་རྩིས་ཚོང་ར་ཆེན་མོ་ཞིག་གི་ཐ་མག་དང་ཆང་རག་ཚོང་སྒྲོམ་སྟེང་དུ་ནར་མ་སོན་པའི་མིར་ཆང་རག་ཕྱིར་འཚོང་བྱ་མི་རུང་བའི་དྲན་སྐུལ་མཚོན་རྟགས་བྲིས་ཡོད་ལ། སྤྱི་ཟླ་1པོའི་ཚེས་1ཉིན་ནས་དངོས་སུ་ལག་བསྟར་བྱས་པའི་《ཧྲེན་ཀྲེན་དཔལ་འབྱོར་དམིགས་བསལ་ས་ཁུལ་གྱི་བདེ་ཐང་སྒྲིག་སྲོལ་》ལྟར་ན་ནར་མ་སོན་པའི་མིར་ཆང་རག་ཕྱིར་འཚོང་བྱས་ཚེ་སྒོར་ལྔ་སྟོང་ཡན་དང་ཁྲི་གསུམ་མན་གྱི་ཆད་པ་གཅོད་རྒྱུ་ཡིན་པ་རེད།
           ཧྲེན་ཀྲེན་གྱི་སྒོ་རྩིས་ཚོང་ར་ཆེན་མོ་ཞིག་གི་འགན་ཁུར་བ་ཧུའུ་པོ་ཡིས། ལོ་18ལ་མ་སོན་པའི་མིར་ང་ཚོས་ཁ་བརྡ་སློབ་གསོ་གཏོང་རྒྱུ་ཡིན་ལ། གལ་ཏེ་ལོ་ན་ཚོད་དཔག་བྱེད་ཐབས་བྲལ་ཚེ་ང་ཚོར་ཐོབ་ཐང་ལག་འཁྱེར་མཁོ་འདོན་བྱ་དགོས་ཟེར།

           ཧྲེན་ཀྲེན་གྲོང་ཁྱེར་གྱི་གྲོང་མི་ཞིག་གིས་འདི་ནི་གཏམ་བཟང་ཞིག་རེད། ང་ཚོ་ཚང་མས་འདིའི་ཐད་རྒྱབ་སྐྱོར་དང་ལྟ་སྐུལ་བྱས་ན་འགྲིག་ཟེར།
           ཨ་རག་ཉིང་ཁུ་འདུས་འདུས་པའི་བཏུང་ཆུའི་བདེ་ཐང་གི་སྣེ་སྟོན་མཚོན་རྟགས་ལ་བྱིས་པ་དང་གཞོན་ནུ་ལོ་ཆུང་གིས་མངར་ཆའི་རིགས་ཀྱི་སྐོམ་ཆུ་མི་འཐུང་པ་དང་ཉུང་འཐུང་བྱེད་པའི་མཚོན་རྟགས་དང་ཉིན་རེར་འཐུང་བའི་མངར་མོའི་རིགས་ལ་ཚོད་འཛིན་བྱེད་པའི་མཚོན་རྟགས། རྒྱུན་དུ་མངར་མོའི་རིགས་ཚད་བརྒལ་ངང་འཐུང་བའི་བདེ་ཐང་སྣེ་སྟོན་མཚོན་རྟགས་བཅས་རིགས་གསུམ་དུ་དབྱེ་ཡོད་ལ། གལ་ཏེ་ཚོང་པས་འབྲེལ་ཡོད་སྣེ་སྟོན་མཚོན་རྟགས་བྲིས་མེད་ཚེ་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་དྲན་སྐུལ་ཐ་ཚིག་སྒྲོག་དགོས་པ་མ་ཟད། དུས་ཡུན་ངེས་ཅན་ནང་སྒྱུར་བཅོས་བྱ་དགོས་པའི་བཀའ་ཕབ་དགོས་པ་དང་། གཏན་འཁེལ་དུས་ཡུན་ནང་སྔར་བཞིན་སྒྱུར་བཅོས་མི་བྱེད་མཁན་ལ་སྒོར་ཆིག་སྟོང་གི་ཆད་པ་གཅོད་ཆོག

           ཧྲེན་ཀྲེན་གྱི་གྲོང་མི་ཞིག་གིས། རང་གཅུན་ནུས་པ་ཅུང་ཞན་པའི་ན་གཞོན་ཚོར་མཚོན་ན་མཚོན་རྟགས་དེ་དག་གིས་ཁོ་ཚོའི་བདེ་ཐང་ལ་སྔར་བས་ལྟ་རྟོག་བྱ་ཐུབ་ཟེར།

རྩོམ་སྒྲིག་པ། བདེ་སྒྲོལ།