དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

སྤྱི་བདེ་ལས་ཁུངས་ཀྱིས་ཁ་པར་གཱ་དང་དངུལ་ཁང་གཱ་ཁྲིམས་དང་མི་མཐུན་པར་བཟོ་བ་དང་ལྐོག་ཚོང་གི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་བཞིན་རྡུང་རྡེག་དང་བཅོས་སྒྲིག་བྱས་པ།

སྤེལ་དུས 2021-01-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          ཚེས་15ཉིན་གྱི་ཆུ་ཚོད་15ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གློག་འཕྲིན་དྲ་རྒྱའི་ཁྲིམས་འགལ་གྱི་ཉེས་གསོག་གསར་པར་རྡུང་རྡེག་དང་བཅོས་སྐྱོང་ལས་དོན་གྱི་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་གཞུང་ལས་དོན་ཁང་གི་གཅིག་གྱུར་བཀོད་སྒྲིག་འོག རྒྱལ་ཡོངས་སུ“ཁ་པར་གཱ་དང་དངུལ་ཁང་གཱ”ཁྲིམས་འགལ་ངང་བཟོ་བ་དང་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་ཀྱི་ཉེས་གསོག་འཛིན་བཟུང་གི་བྱ་སྤྱོད་ཐེངས་གཉིས་པ་སྤེལ་ཏེ། པེ་ཅིང་དང་། ཐེན་ཅིན། ཀོང་ཏུང་། ཀྲེ་ཅང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས“11.30”ཡི་ཆེད་དོན་གྱོད་གཞིའི་ཁྲིམས་འགལ་ཉེས་གསོག་ཚོགས་པའི་ཉེས་ཅན་གཅིག་སྡུད་ངང་བཟུང་བའི་བྱ་སྤྱོད་མཉམ་དུ་སྤེལ་ཏེ། “ཁ་པར་གཱ་དང་དངུལ་ཁང་གཱ”ཁྲིམས་དང་མི་མཐུན་པར་བཟོ་བ་དང་ལྐོག་ཚོང་གི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྐྱོང་ནན་པོ་བྱས་ཤིང་། ཚེས་15ཉིན་གྱི་ཆུ་ཚོད་20བར་ས་གནས་ཁག་གིས་ཁྲིམས་འགལ་ཉེས་གསོག་དོགས་ཅན་405ལྷག་བཟུང་བ་དང་། ཁ་པར་གཱ་དང་དངུལ་ཁང་གཱ་ཁྱོན་ཁྲི་4.3ལྷག་གཞུང་བཞེས་བཏང་བ་རེད།
          ན་ནིང་གི་ལོ་མཇུག་ཏུ། སྤྱི་བདེ་པུའི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ནས། པེ་ཅིང་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཧུའུ་མོའུ་ཧྥུང་གིས་གཙོ་བོར་བྱས་པའི་ལག་ཐོགས་ཁ་པར་གཱ་འབོར་ཆེན་ལྐོག་ཚོང་བྱེད་པའི་ཁྲིམས་འགལ་ཉེས་གསོག་གི་ཚོགས་པ་ཞིག་བདེ་བླག་ངང་མེད་པར་བཟོས་ཤིང་། མྱུལ་ཞིབ་བྱས་པ་བརྒྱུད་ཚོགས་པ་དེས་འཕྲིན་གཏོང་གཉེར་སྐྱོང་བྱེད་མཁན་ནང་ཁུལ་མི་སྣར་བསླུ་བྲིད་བྱས་ནས་གཏན་འབེབས་ལས་བརྒལ་བའི་ངང་ལག་ཐོགས་ཁ་པར་གཱ་འབོར་ཆེན་བཟོས་ཏེ། དུས་ཐུང་ནང་ས་ཁོངས་ཕྱིའི་ཁ་བསླུས་ཚོགས་པར་འཕྲལ་མར་བཙོངས་པ་རེད། སྤྱི་བདེ་ལས་ཁུངས་ཀྱིས་ཁུངས་སྣེར་རྗེས་འདེད་དང་བརྡར་གཅོད་དབྱེ་ཞིབ་གཏིང་ཟབ་བྱས་པ་བརྒྱུད། འབར་མའི་བྱང་ཕྱོགས་ས་ཁུལ་སོགས་ས་ཁོངས་ཕྱིའི་ཁ་བསླུས་ཚོགས་པ་དང་ཐད་ཀར་ངན་འབྲེལ་བྱེད་པའི་རྒྱལ་ཡོངས་ཀྱི་ལག་ཐོགས་ཁ་པར་གཱ་ལྐོག་ཚོང་གི་དྲ་རྒྱ་ཞིག་རིམ་བཞིན་མཚང་བརྡོལ་ལ། མཐོ་རིམ་གྱི“གཱ་ལྐོག་ཚོང་འགོ་པ”དང་། “གཱ་ལྐོག་ཚོང་མཁན”སོགས་ཉེས་གསོག་བྱེད་གཏེ་དོགས་ཅན་130ལྷག་གཏན་འཁེལ་བྱས་པ་དག་རྒྱལ་ཡོངས་ཀྱི་ཞིང་ཆེན་མང་པོ་དང་འབྲེལ་བ་ཡོད་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འབྲེལ་གཞུང་དོན་ཁང་གིས་དོན་དེར་མཐོང་ཆེན་གནང་ནས་གྱོད་གཞི་དེ་11.30ཡི་ཆེད་དོན་གྱོད་གཞིར་བརྩིས་ཏེ་འབྲེལ་ཡོད་ཀྱི་ས་གནས་སྤྱི་བདེ་ལས་ཁུངས་བཀོད་སྒྲིག་གིས་འཕྲིན་གཏོང་ལས་རིགས་ལྟ་སྐུལ་དོ་དམ་དང་། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞི་སོགས་སྡེ་ཚན་གྱིས་མཉམ་ལས་ལ་ཤུགས་སྣོན་དང་། ཆེད་མི་བཏང་ནས་གནད་སྨིན་བརྟག་དཔྱད་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་ཏེ་ཉེས་གསོག་ཚོགས་པ་དེའི་སྒྲིག་འཛུགས་ཀྱི་ཁྱབ་ཚུལ་དང་གྲུབ་ཚུལ་རིམ་བཞིན་ཁོང་དུ་ཆུད་པ་རེད། ཉེས་གསོག་གི་དོན་དངོས་དང་དཔང་རྟགས་འབོར་ཆེན་ཤེས་རྟོགས་བྱུང་བའི་རྨང་གཞིའི་ཐོག སྤྱི་བདེ་ལས་ཁུངས་ཀྱིས་གཅིག་སྡུད་ཐོག་བཟུང་བའི་བྱ་སྤྱོད་གཅིག་གྱུར་སྤེལ་ནས་ལག་ཐོགས་ཁ་པར་གཱ་དང་དངུལ་ཁང་གཱ་བཟོ་བ་དང་ལྐོག་ཚོང་བྱེད་མཁན་ཁྲིམས་འགལ་ཉེས་གསོག་ཚོཌ་པ་ཆེན་པོ་དེ་ཐེངས་གཅིག་ལ་མེད་པར་བཟོས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་གི་ཟླ་བ་བཅུ་པ་ནས་རྒྱལ་ཡོངས་སུ་ཁ་པར་གཱ་དང་དངུལ་ཁང་གཱ་ཁྲིམས་འགལ་ངང་བཟོ་བ་དང་ལྐོག་ཚོང་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་བཀོད་སྒྲིག་བྱས་པ་ནས་བཟུང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་མཐོང་ཆེན་པོ་བྱས་ཏེ་པུའུ་དབར་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་གྱི་སྒྲོམ་གཞིའི་འོག་རང་འགུལ་ངང་འགན་འཁྲི་འཁུར་ཕོད་པ་དང་། སྟོབས་ཤུགས་གཅིག་སྡུད་ངང་འདོན་པ། བྱ་ཐབས་སྣ་ཚོགས་མཉམ་དུ་སྤྱོད་པའི་སྒོ་ནས་ཁྲིམས་དང་མི་མཐུན་པར་ཁ་པར་གཱ་དང་དངུལ་ཁང་གཱ་བཟོ་བ་དང་ལྐོག་ཚོང་བྱེད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་ནན་པོ་བྱས་ཤིང་། ད་བར་ཁ་པར་གཱ་དང་དངུལ་ཁང་གཱ་བཟོ་བ་དང་ལྐོག་ཚོང་གི་ཁྲིམས་འགལ་ཉེས་གསོག་ཚོགས་པ་7816མེད་པར་བཟོས་པ་དང་། “ཁ་པར་གཱ་དང་དངུལ་ཁང་གཱ”བཟོ་བ་དང་ལྐོག་ཚོང་གི་ཁྲིམས་འགལ་ཉེས་གསོག་དོགས་ཅན་ཁྲི་14.8བཟུང་བ། ཁ་པར་གཱ་དང་དངུལ་ཁང་གཱ་བཟོ་བ་དང་ལྐོག་ཚོང་གི་ཁྲིམས་འགལ་ཉེས་གསོག་དོགས་ཅན་ཁྲི་5.7ལྷག་ལ་ཡོངས་བསྒྲགས་ངང་ཆད་པ་བཅད་པ། ལས་རིགས་ཀྱི་དྲ་ཚིགས་དང་སྒྲིག་གཞི་8869བཅོས་སྒྲིག་བྱས་ནས་རྡུང་རྡེག་དང་བཅོས་སྐྱོང་ལས་དོན་ལ་དུས་མཚམས་རང་བཞིན་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོལ།