དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ལག་ཁྱེར་ཁ་པར་སྐོར་གྱི་ཤེས་བྱ་འདི་ཁྱེད་ལ་ཕན་ཐོགས་ཆེ།

སྤེལ་དུས 2021-02-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          རིག་ནུས་ལག་ཁྱེར་ཁ་པར་གྱི་དུས་རབས་འདིར་གྱོན་གོས་དང་། བཟའ་བཅའ། སྡོད་གནས། རོལ་རྩེད་སོགས་ཚང་མ་ལག་ཁྱེར་ཁ་པར་ལས་ཐག་གཅོད་བྱེད་ཐུབ་ཀྱི་ཡོད། ལག་ཁྱེར་ཁ་པར་གྱིས་མི་རྣམས་ལ་སྟབས་བདེ་བསྐྲུན་པ་དང་དུས་མཚུངས་སུ་ཐེག་དཀའ་བའི་ “ཁུར་བོ”ཞིག་ཀྱང་ཁུར་ཡོད་པ་རེད།
          གསར་འགོད་པས་བརྟག་དཔྱད་བྱས་ནས་རྒྱུས་ལོན་བྱུང་བ་ལྟར་ན། APPམང་པོ་ཞིག་གིས་ལག་ཁྱེར་ཁ་པར་གྱི་ནང་གསོག་མང་པོ་ཞིག་བཀང་ནས་ཡོད་པ་སྟེ། ཁ་པར་ནང་གི་གད་སྙིགས་གཙང་སེལ་བྱེད་དཀའ་བ་སོགས་ཀྱི་གནད་དོན་གྱིས་མི་མང་པོར་སུན་པོ་བཟོ་བཞིན་ཡོད། 
          APPམང་ཞིང་གསར་སྒྱུར་བྱེད་ཁག་པོ་ཡོད་པ།
          དེང་སང་ཁ་པར་APPཧ་ཅང་མང་སྟེ། དེ་དག་གིས་ཁ་པར་གྱི་ནང་གསོག་བཀང་ཡོད་པ་མ་ཟད། དེ་དག་ཡང་ནས་ཡང་དུ་གསར་སྒྱུར་བྱེད་དགོས་པ་དེས་མི་རྣམས་སུན་དུ་བཅུག་གི་ཡོད། 
          གསར་འགོད་པར་རྒྱུས་ལོན་བྱུང་བ་ལྟར་ན། མི་མང་པོ་ཞིག་གི་ལག་ཁྱེར་ཁ་པར་དུ་APPབཅུ་གྲངས་ཁ་ཤས་ནས་བརྒྱ་ཕྲག་ལྷག་ཡོད་ཅིང་། སྤྱོད་འདོད་པའི་APPའཚོལ་བར་བརྙན་ཤེལ་ཕར་སྒྱུར་ཚུར་སྒྱུར་ཐེངས་ཁ་ཤས་བྱེད་དགོས་ཀྱི་ཡོད། དེ་སྔ་ལག་ཁྱེར་ཁ་པར་ལག་ཏུ་ཡོད་ཚེ་ཟས་གོས་སྤྱོད་གསུམ་ལས་སླ་མོས་ཐག་གཅོད་བྱེད་ཐུབ་ཀྱང་ད་ལྟ་ང་ཚོ་རིམ་བཞིན་བརྙན་ཤེལ་ཁེངས་ཡོད་པའི་APPདག་ཏུ་མགོ་འཁོར་ཡོད་པ་རེད། 
          ཧྭ་ཝུའེ་མཉེན་ཆས་ཚད་ལེན་ཚོད་ལྟའི་བཟོ་བཀོད་པ་ལིའུ་ཧོན་གྱིས་གསར་འགོད་པར་སྐབས་རེར་བྱ་བ་ཁ་ཤས་སྤྱིར་ལག་ཁྱེར་ཁ་པར་ལས་སྒྲུབ་པའི་དགོས་པ་མེད་ཅིང་། དེ་ནི་APPགསར་གཏོད་བྱེད་མཁན་གྱི་ཀུང་སི་དང་འཛད་སྤྱོད་པ་གཉིས་ཀའི་ཁུར་པོ་རུ་གྱུར་ཡོད་ཅེས་བཤད།
          ལག་ཁྱེར་ཁ་པར་དུ་ལྐོག་གྱུར་གྱི་གད་སྙིགས་ཇེ་མང་དུ་འགྲོ་བཞིན་ཡོད།
          གསར་འགོད་པར་རྒྱུས་ལོན་བྱུང་བ་ལྟར་ན། ནང་གསོག་64Gཅན་གྱི་ལག་ཁྱེར་ཁ་པར་ཞིག་ལོ་ཕྱེད་ཙམ་ལ་བཀོལ་བ་ལས་ནང་གསོག་ཁེངས་བའི་གནས་ཚུལ་ཐོན་གྱི་ཡོད། ཉེར་སྤྱོད་མཉེན་ཆས་ཇེ་ཉུང་དང་འདྲ་པར་དང་བརྙན་སོགས་ཕྱིར་བླངས་ནའང་ད་དུང་ཡང་ནང་གསོག་གིས་འདང་གི་མེད་པ་རེད།
          ཧྭ་ཝུའེ་མཉེན་ཆས་ཚད་ལེན་ཚོད་ལྟའི་བཟོ་བཀོད་པ་ལིའུ་ཧོན་གྱིས་གསར་འགོད་པར་བྱེད་ནུས་ཇེ་ཆེར་སོང་བ་དང་བསྟུན་ནས་APP ཡིས་ལག་ཁྱེར་ཁ་པར་གྱི་བརྙན་ཤེལ་དང་། དྲ་འབྲེལ། CPUམཁྲེགས་ཆས་སོགས་ཟད་གྲོན་བྱེད་ཅིང་། APP མང་པོས་ཁ་པར་གྱི་ནུས་པ་དེར་བསྟུན་གྱིས་ཟད་གྲོན་བྱེད་པ་དང་དེ་འབྲེལ་གྱི་གད་སྙིགས་ཀྱང་ཇེ་མང་ནས་ཇེ་མང་དུ་འགྲོ་ཞིང་། དེ་དག་གིས་ཁ་པར་གྱི་བྱེད་ནུས་དང་མྱུར་ཚད་ལའང་ཤུགས་རྐྱེན་ཐེབས་སྲིད་པ་རེད། དེའི་ཁྲོད་ཀྱི་གད་སྙིགས་མང་པོ་ཞིག་གཙང་སེལ་བྱེད་དཀའ་བ་མ་ཟད། ཐ་ན་མཉེན་ཆས་ཁ་པར་ལས་བསུབ་ནའང་ཤུལ་དུ་གད་སྙིགས་མང་པོ་ལུས་བསྡད་ཀྱི་ཡོད་ཅེས་བརྗོད་ཡོད། 
          ཆེད་མཁས་མི་སྣས་དུས་བཀག་ལྟར་ལག་ཁྱེར་ཁ་པར་གྱི་རྒྱབ་སྟེགས་ན་ཁ་ཕྱེ་ཡོད་པའི་མཉེན་ཆས་གཙང་སེལ་བྱེད་དགོས་པ་བསྟན་ཡོད་པ་དང་། ལག་ཁྱེར་ཁ་པར་དུ་དུས་མཚུངས་སུ་བཀོལ་བཞིན་པའི་མཉེན་ཆས་མང་དྲགས་ཚེ་ལག་ཁྱེར་ཁ་པར་གྱི་ནང་གསོག་གུ་དོག་པའི་གནས་ཚུལ་ཐོན་གྱི་ཡོད། དོ་སྣང་བྱེད་དགོས་པ་ཞིག་ལ། མཉེན་ཆས་འགའ་ཤས་ཀྱིས་སྒོ་བརྒྱབ་ཀྱང་རྒྱབ་སྟེགས་སུ་འཁོར་སྐྱོད་བྱས་ནས་ཁ་པར་གྱི་ནང་གསོག་བཀང་ཡོད་པ་རེད། ལག་ཁྱེར་ཁ་པར་གྱི་དོ་དམ་མཉེན་ཆས་ལ་བརྟེན་ནས་དུས་བཅད་ལྟར་ཁ་པར་གྱི་ནང་གསོག་གཙང་སེལ་དང་རྒྱབ་སྟེགས་ཀྱི་མཉེན་ཆས་གཙང་སེལ་བྱས་ན་ལག་ཁྱེར་ཁ་པར་གྱི་ཁུར་པོ་ཇེ་ཡང་དུ་གཏོང་ཐུབ། ད་དུང་དགོས་མཁོ་མེད་པའི་བརྙན་དང་འདྲ་པར། བེད་མེད་ཀྱི་APPབཅས་དུས་བཅད་ལྟར་གཙང་སེལ་བྱས་ན་འགྲིག །
རྩོམ་སྒྲིག་པ། བདེ་སྒྲོལ།