མཚོ་སྔོན་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཁེ་ལས་ཀྱི་ཏང་གི་འཛུགས་སྐྲུན་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ལྟ་སྐུལ་དོ་དམ་བྱེད་པའི་གྲོས་ཚོགས་བསྡུས།
སྤེལ་དུས 2021-03-15
ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།
རྩོམ་པ་པོ།
ཟླ་གསུམ་པའི་ཚེས་བཅུ་གཉིས་ཉིན། མཚོ་སྔོན་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་ཁེ་ལས་ཀྱི་ཏང་གི་འཛུགས་སྐྲུན་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་ལ་ལྟ་སྐུལ་དོ་དམ་བྱེད་པའི་གྲོས་ཚོགས་བསྡུས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཧྲིན་ཀྲང་གཞོན་པ་ཝང་ལིས་མེན་ཚོགས་འདུར་ཞུགས་ནས་གཏམ་བཤད།
ཝང་ལིས་མེན་གྱིས་ནན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་ལོན་པའི་ལོ་ཡིན་པ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པའི་ལོ་ཡིན་ལ། རྒྱལ་དབང་ཁེ་ལས་ཀྱི་ལོ་ངོ་གསུམ་གྱི་བཅོས་སྒྱུར་ལག་བསྟར་བྱེད་པའི་མཁྲེགས་གཏོར་ལོའང་ཡིན་པས། རྒྱལ་དབང་ཁེ་ལས་ཀྱི་ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བ་བཟང་བོར་སྒྲུབ་རྒྱུ་ནི་གནད་འགག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་དོན་འཁྱོལ་བྱས་ནས། སྤྱིའི་འཆར་འགོད་དང་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བསམ་བློའི་འདུ་ཤེས་དང་རྩ་འཛུགས་མ་ལག འཇོན་ཐང་མི་སྣའི་འགན་སྲུང་། སྤྱོད་ལམ་སྒྲིག་ཁྲིམས་བཅས་ཀྱི་ཞན་ཆ་དུས་ལྟར་གསབ་ནས། བློ་བརྟན་འགྱུར་མེད་ངང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུ་སྙེག་དགོས། མ་ལག་རྒྱུན་འཁྱོངས་སྒོས་སྐུལ་འདེད་གཏོང་རྒྱུ་དང་ཡུལ་དངོས་ལྟ་སྦྱོང་བྱ་འགུལ་སྤེལ་བར་རྩ་འཛུགས་བྱས་ཏེ། གཞི་རིམ་ཏང་ཡོན་གྱི་སློབ་གསོའི་ཟབ་སྦྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་རྒྱུ་དང་། གཞི་རིམ་གྱི་འགན་ཁུར་ཇེ་ཡང་དུ་གཏོང་བའི་བྱ་བར་སྐུལ་འདེད་གཏོང་རྒྱུ། ཏང་ཡོན་གྱི་དངོས་བཅར་འཚམས་འདྲིའི་བྱ་འགུལ་བཟང་བོར་སྤེལ་རྒྱུ། བློ་བརྟན་འགྱུར་མེད་ངང་དམངས་ཚིས་ཕྱུག་འགྱུར་ཡོང་བར་བྱེད་རྒྱུ་དང་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་རྒྱུ། ཡིད་རྟོན་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་ཏང་བཙུགས་ནས་ལོ་བརྒྱ་ལོན་པར་བསུ་མ་བྱེད་པའི་བྱ་འགུལ་དམ་པོར་འཛིན་དགོས། དཔྱད་འཇོག་དང་སྐུལ་འདེད་གཏོང་བའི་ལས་སྒོ་རྨང་རྐང་བརྟན་པོའི་སྒོ་ནས་སྤེལ་རྒྱུ་དང་། སྐོར་ཞིབ་ལེགས་སྒྲིག་བྱ་བ་བཟང་བོར་སྒྲུབ་རྒྱུ། ཁེ་ལས་ཀྱི་ཏང་འཛུགས་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་བྱ་བར་རྣམ་པ་གསར་པ་བཏོད་རྒྱུ་བཅས་ལ་འབད་མཐར། གྲུབ་འབྲས་བཟང་བོ་ལ་བརྟེན་ནས་ཏང་གི་འཁྲུངས་སྐར་བསུ་དགོས་ཟེར།
རྩོམ་སྒྲིག་པ། བདེ་སྒྲོལ།