ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ནག་སེལ་གཤེད་བཅོམ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
སྤེལ་དུས 2021-04-06
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ།
ལོ་གསུམ་རིང་ཁྱོན་བསྡོམས་ནག་ཚོགས་ཀྱི་ངོ་བོ་ལྡན་ལ་སྒྲིག་འཛུགས་ཡོད་པའི་ཉེས་གསོག་གྱོད་གཞི་3དང་། ངན་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ཚོགས་པ་དང་ངན་ཚོཌ་ཀྱི་གྱོད་གཞི་33 ངན་གཤེད་དང་འབྲེལ་བའི་རིགས་དགུ་ཡི་རྐྱང་དཔེ་299བཅས་བརྟག་དཔྱད་ཐག་གཅོད་བྱས་པ་དང་མི་1631འཛིན་བཟུང་བྱས་པ།
“ལོ་གསུམ་རིང་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཁྱོན་བསྡོམས་ནག་ཚོགས་ཀྱི་ངོ་བོ་ལྡན་ལ་སྒྲིག་འཛུགས་ཡོད་པའི་ཉེས་གསོག་གྱོད་གཞི་3དང་། ངན་གཤེད་ཕྱོགས་གཏོགས་ཀྱི་ཉེས་གསོག་ཚོགས་པ་དང་ངན་ཚོགས་ཀྱི་གྱོད་གཞི་33 ངན་གཤེད་དང་འབྲེལ་བའི་རིགས་དགུ་ཡི་རྐྱང་དཔེ་299བཅས་བརྟག་དཔྱད་ཐག་གཅོད་བྱས་པ་དང་མི་1631འཛིན་བཟུང་བྱས་ཡོད།
ཁྲིམས་དང་མ་མཐུན་པའི་རྩ་འཛུགས་75ལ་རྡུང་རྡེག་བཏང་བ་དང་མེད་པར་བཟོས་པ་དང་། ཁྲིམས་དང་མ་མཐུན་པའི་བྱེད་སྤྱོད་ཀྱི་གྱོད་གཞི་135བརྟག་དཔྱད་ཐག་གཅོད་བྱས་པ། མི་1535ལ་རྡུང་རྡེག་བཏང་བ་དང་ཐག་གཅོད་བྱས་ཡོད། དྲ་ཐོག་ཏུ་ཁྱབ་བསྒྲཌ་བྱས་པའི་བྲོས་བྱོལ་མི་སྣ་1177འཛིན་བཟུང་བྱས་པ་མ་ཟད། ལོ་མང་ཁྲིམས་ཐག་གཅོད་རྒྱུར་ལུས་པའི་གྱོད་གཞི་17དང་གྱོད་དོན་མ་ཤེས་རྐྱེན་གྱོད་ཐོ་བཀོད་མེད་པའི་གྱོད་གཞི་17རྩད་ཆོད་ཡོད”ཅེས་ཟླ་4ཚེས་2ཉིན་ལྗོངས་སྤྱི་བདེ་ཐིང་ཏང་ཨུད་ཀྱི་ཨུ་ཡོན་ཐིང་ཀྲང་གཞོན་པ་ཁྲེན་ཧྲི་ཆུས་ཀྱིས་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བརྡ་ཁྱབ་དེ་ལྟར་བཏང་བ་དང་། ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་བ་བརྒྱུད་ཉེས་གསོག་པ་ཟིལ་གྱིས་གནོན་ནས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁོར་ཡུག་གཙང་དུ་ནུས་ལྡན་ཕྱིན་པ་དང་། ལྗོངས་ཡོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་འཕེལ་རིམ་ལ་སྐུལ་འདེད་ནུས་ལྡན་ཐེབས་ཏེ་ལྗོངས་ཡོངས་ཀྱི་སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོར་སྲུང་སྐྱོང་ཏན་ཏིག་ཐུབ་ནས། 2020ལོར་རང་ལྗོངས་ཀྱི་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་99.39%ཟིན་ཡོད་ཅེས་བརྗོད་པ་རེད།
ཡོངས་བསྒྲགས་ཚོགས་འདུའི་ཐོག་ཁུངས་སྣེ་ཐེར་འདོན་བྱེད་མཁན་གྱི་ཁེ་དབང་གནད་དོན་ལ་དམིགས་ཏེ། རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནག་སེལ་གཤེད་བཅོམ་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གི་ཆེད་བསྐོས་འགན་འཁུར་བ་ཀྲུའུ་རེན་གཞོན་པ་ཚེ་རིང་དབང་ལགས་ཀྱིས། མི་སྔའི་བར་རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་མང་ཚོགས་ཀྱིས་ཐེར་འདོན་བྱས་པའི་ཁུངས་སྣེ་400ལྷག་ཙམ་བདག་སྤྲོད་བྱས་པའི་ཁྲོད་ཐེར་འདོན་པ་རྡུང་བ་དང་འཁོན་ལན་སློག་པའི་གྱོད་གཞི (དོན་རྐྱེན) གཅིག་ཀྱང་ཐོན་མེད་པ་དང་། རང་ལྗོངས་ཀྱི་ཉེན་རྟོག་པས་ནག་གཤེད་ཕྱོགས་གཏོགས་ཀྱི་ཁུངས་སྣེ་ཐེར་འདོན་བྱེད་མཁན་ལ་སྲུང་སྐྱོང་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་པོ་ཡོད་པས། མི་སེར་ཚོས་སེམས་ཁྲལ་གཏན་ནས་བྱེད་དགོས་མེད་པ་དང་། ནག་གཤེད་དང་འབྲེལ་བའི་ཁུངས་སྣེ་ཐེར་འདོན་ཐད་བསམ་འཆར་འདོན་ཕོད་པ་བྱས་ཏེ་རང་ལྗོངས་ཀྱི་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་ལས་དོན་ལ་མུ་མཐུད་རྒྱབ་སྐྱོར་བྱེད་དགོས་ཞེས་བརྗོད་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།