དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡིས་ཁྲིམས་འཛིན་སྲིད་འཛིན་དཔུང་སྡེའི་སློབ་གསོ་དག་ཐེར་སྐྱོན་འཚོལ་བཅོས་བསྒྱུར་དུས་རིམ་གྱི་བྱ་བའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

སྤེལ་དུས 2021-04-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། རྩོམ་པ་པོ།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ4བའི་ཚེས9ཉིན་གྱི་ཕྱི་དྲོར། ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡིས་ཁྲིམས་འཛིན་སྲིད་འཛིན་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་སྐྱོན་འཚོལ་བཅོས་བསྒྱུར་དུས་རིམ་གྱི་བྱ་བའི་བཀོད་སྒྲིག་ཚོགས་འདུ་འཚོགས་ནས་ཞིང་ཆེན་དང་ཁུལ།  རྫོང་བཅས་ཀྱི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྐྱོན་འཚོལ་བཅོས་བསྒྱུར་དུས་རིམ་གྱི་བྱ་བའི་བཀོད་སྒྲིག་དང་། མཚོ་ལྷོ་ཁུལ་ཁྲིམས་འཛིན་ཅུའུ་ཡི་ཁྲིམས་འཛིན་སྲིད་འཛིན་དཔུང་སྡེའི་སློབ་གསོ་དག་ཐེར་སྐྱོན་འཚོལ་བཅོས་བསྒྱུར་དུས་རིམ་གྱི་བྱ་བའི་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ལག་ལེན་དོན་འཁྱོལ་བྱས་ནས།  དུས་རིམ་དང་པོའི་བྱ་བའི་གྲུབ་འབྲས་ལ་སྤྱི་བསྡོམས་དང་སྐྱོན་འཚོལ་བཅོས་བསྒྱུར་དུས་རིམ་གྱི་བྱ་བ་གལ་ཆེན་ལ་བཀོད་སྒྲིག་བྱས་ཏེ། སློབ་གསོ་དག་ཐེར་བྱ་བ་གཏིང་ཟབ་སྤེལ་བར་སྐུལ་འདེད་བྱས།  

           རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།  ཚོགས་འདུ་ལས་ཕྱོགས་བཞིའི་ཐད་ནས་དུས་རིམ་དང་པོའི་བྱ་བའི་གྲུབ་འབྲས་ལ་སྤྱི་བསྡོམས་དང་མ་འོངས་པའི་བྱ་བར་བཀོད་སྒྲིག་བྱས་ཡོད་དེ།
           གཅིག་ནས་བསམ་བློ་གཅིག་སྡུད་དང་ཆབ་སྲིད་ལངས་ཕྱོགས་མཐོ་རུ་བཏང་ནས་ཐེངས་འདི་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་དོན་སྙིང་ངོས་ཟིན་པར་བྱེད་པ་དང་། སློབ་གསོ་དག་ཐེར་གྱི་བྱ་བ་ལེགས་པོར་སྤེལ་བ་ནི་ཁྲིམས་འཛིན་སྲིད་འཛིན་དཔུང་སྡེའི་རྒྱ་ཆེ་ཞིང་འཚུབ་ཆ་ཆེ་བའི་ཆབ་སྲིད་ཀྱི་ལས་འགན་ཡིན་པ་དང་། ཁྲིམས་འཛིན་སྲིད་འཛིན་དཔུང་སྡེའི་གྲི་ཁ་ནང་ཕྱོགས་དང་རུས་འབྲད་དུག་སེལ་གྱི་རང་ཉིད་གསར་བརྗེ་ཡིན་པ། ཁྲིམས་འཛིན་སྲིད་འཛིན་དཔུང་སྡེའི་སེམས་འདུན་དང་འགན་འཁྲིའི་དམ་པོར་བསྲུང་ནས་དམངས་ཀྱི་ཆེན་དུ་བྱ་བ་སྒྲུབ་པའི་དགོས་ངེས་ཀྱི་བླང་བྱ་ཡིན་པ། གསར་བའི་གསར་བ་བསུ་ཞིང་འཕེལ་རྒྱས་མཐོར་འདེགས་གཏོང་བའི་གོ་སྐབས་ཆེན་པོ་ཞིག་ཡིན་པ་བཅས་ལ་ངེས་ཤེས་འདྲོངས་དགོས་པར་མ་ཟད། བསམ་བློ་དང་ཆབ་སྲིད། བྱེད་ཕྱོགས་སོགས་ཀྱི་ཐད་ནས་དཔུང་སྡེའི་སློབ་གསོ་དག་ཐེར་གྱི་ཁྱོན་ཡོངས་ལ་ཤུགས་སྣོན་པར་སྐུལ་འདེད་བྱེད་པ།
           གཉིས་ནས་དམིགས་འབེན་གསལ་བོ་དང་གནད་རྩ་ཟིན་པར་བྱས་ནས་ཚད་གཞི་དང་སྤུས་ཀ་མཐོན་པོས་སློབ་གསོ་དག་ཐེར་གྱི་ལས་འགན་ལག་བསྟར་བྱེད་པ། ཏང་གཤིས་གསོ་སྦྱོང་དང་བསམ་བློའི་བློ་སྦྱོང་གཉིས་གཞི་གཅིག་ཏུ་འབྲེལ་ཏེ། རུས་འབྲད་དུག་སེལ་དང་ནད་བཅོས་སྲོག་སྐྱོབ་གཉིས་གཅིག་ཏུ་འབྲེལ་བ་རྒྱུན་འཁྱོངས་བྱས་ནས། རང་ཉིད་ལ་དག་ཐེར་དང་ཁུངས་སྣེ་འཚོལ་བ་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ་དང་། ཞིབ་བཤེར་ཐག་གཅོད་ཀྱི་ནུས་ཤུགས་ཆེ་རུ་བཏང་ནས་ཀུན་ལ་གནོད་པའི་ངན་པ་གཙང་སེལ་བྱེད་རྒྱུ། གནད་དོན་གཙོ་བོ་དང་གཅིག་ཤེས་ཀུན་གྲོལ་གཅིག་ཏུ་འབྲེལ་ནས་ཆེད་དམིགས་ཀྱི་བཅོས་བསྒྱུར་ཇུས་གཞི་བཟོས་ཏེ། ནད་རྙིང་གི་འབྱུང་རྩ་འཚོལ་བ་དང་། ཞིབ་བཤེར་དང་དག་ཐེར་མཉམ་དུ་བྱས་ནས་དུས་བཅད་དག་ཐེར་དང་དག་ཐེར་གཙང་སེལ་ཐུབ་པ་བྱ་དགོས། དཔེ་བཟང་ལ་སློབ་སྦྱོང་བྱེད་པ་དང་མིག་དཔེ་འདེམས་པའི་བྱ་བ་གཅིག་ཏུ་འབྲེལ་ནས། ཁྱོན་ཡོངས་དང་ལངས་གཟུགས་རྣམ་པས་དཔེ་བཟང་གི་བྱ་བཞག་དྲིལ་སྒྲོག་བྱས་ཏེ་ཐུན་ཏེ་རྫོང་ཁྲིམས་འཛིན་སྲིད་འཛིན་དཔུང་སྡེའི་དུས་རབས་ཀྱི་ཁྱད་ཆོས་མངོན་པར་དོད་ཐུབ་དགོས།

           གསུམ་ནས་གནད་འགག་གི་ཁྱབ་ཁོངས་ལ་ཤུགས་སྣོན་དང་མཁྲེགས་གཏོར་བྱས་ནས་རང་ཉིད་གསར་བརྗེ་དང་། བཅོས་བསྒྱུར་གཙང་སེལ། ལུགས་བསྒྱུར་སྲོལ་འཛུགས་བཅས་ཀྱི་འཐབ་འཛིང་ལ་ཤུགས་སྣོན་པ། ཚད་གཞི་མཐོན་པོས་ཁྲིམས་རྩོད་པ་དང་གཞུང་དཔང་སོགས་ཀྱི་གནད་དོན་དག་ཐེར་དང་ཇུས་གཞི་བཞིན་བཀོད་སྒྲིག་བྱས་ནས་ལྟ་རྟོག་གི་སྒྲིག་ལམ་གསལ་བོ་འཛུགས་པ་དང་། ཁྲིམས་རྩོད་པའི་ལས་རིགས་དང་གཞུང་དཔང་ལས་གཉེར་གྱི་སྒྲིག་ལམ་ཚད་ལྡན་དུ་གཏོང་དགོས།
           བཞི་ནས་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་བསྣན་ནས་སྒྲིག་གཞི་གསར་བཏོད་བྱས་ཏེ་སློབ་གསོ་དག་ཐེར་ལ་གྲུབ་འབྲས་བཟང་བོ་ལོན་པར་ཁག་ཐེག་བྱེད་པ། འགན་ཁུར་ནན་འཇོག་དང་འགོ་ཁྲིད་དམ་པོ་བྱས་ཏེ་གཅིག་གྱུར་གྱིས་བྱ་བར་བཀོད་སྒྲིག་དང་། དྲིལ་སྒྲོག་སྣེ་སྟོན་ལ་ཤུགས་བསྣན་ནས། ཁྱོན་ཡོངས་ནས་ཐུན་ཏེ་རྫོང་ཁྲིམས་འཛིན་སྲིད་འཛིན་དཔུང་སྡེའི་རྣམ་པ་གསར་བ་དང་སྣང་བརྙན་གསར་བ། ནུས་པ་གསར་བ་བཅས་མངོན་པར་མཚོན་དགོས།
           བློ་མཐུན་འབྲུག་འབུམ་རྒྱལ་ལགས་ཀྱིས་བསྟན་དོན།  “སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྐྱོན་འཚོལ་བཅོས་བསྒྱུར་དུས་རིམ་དུ་སླེབས་ཡོད་པས། ཚད་གཞི་མཐོ་ལ་ནང་དོན་མང་ཞིང་། རེ་བ་ནན་མོ་ཡིན་པར་མ་ཟད་བྱ་བའི་འགྲོས་ཀྱང་མགྱོགས་པས། ཐམས་ཅད་ཀྱིས་བསམ་བློ་ཞིང་ཆེན་དང་ཁུལ་རིམ་པའི་བཀོད་སྒྲིག་གི་ཕྱོགས་སུ་གཅིག་སྡུད་བྱས་ནས། ཏང་གཤིས་བརྟན་པོ་དང་བྱེད་ཕྱོགས་ལེགས་པོ་རྒྱུན་འཁྱོངས་བྱས་ཏེ། དཀའ་བར་གདོང་གཏད་ནས་བྱ་བ་ཐ་དག་ལག་ལེན་དོན་འཁྱོལ་གྱིས་ཐུན་ཏེ་རྫོང་གི་ཁྲིམས་འཛིན་སྲིད་འཛིན་དཔུང་སྡེའི་སློབ་གསོ་དག་ཐེར་གཏིང་ཟབ་ཏུ་སྤེལ་ནས། ཁྲིམས་འཛིན་སྲིད་འཛིན་དཔུང་སྡེའི་རྣམ་པ་གསར་བ་དང་སྣང་བརྙན་གསར་བ། ད་དུང་ཏང་དང་མི་དམངས་ཡིད་ཚིམ་པའི་གྲུབ་འབྲས་གསར་བ་བཅས་ཀྱིས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་ལེགས་སྐྱེས་འབུལ་དགོས”ཞེས་ནན་གྱིས་བསྟན།