དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡིས་སྡེ་བ་དང་སྡོད་ཁུལ་གྱི་ཁྲིམས་ལུགས་བློ་སྟོན་པའི་ལོ་ཕྱེད་ཕྱི་མའི་བྱ་བའི་བཀོད་སྒྲིག་དང་ཕན་ཚུན་དཔྱད་བསྡུར་བྱ་བའི་འཆར་འགོད་ཚོགས་འདུ་འཚོགས་པ།

སྤེལ་དུས 2021-06-03 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྡོ་རྗེ་ཚེ་རིང་།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ6པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེནམཚོ་ལཽ་ཁུལ་ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡིས་སྡེ་བ་དང་སྡོད་ཁུལ་གྱི་ཁྲིམས་ལུགས་བློ་སྟོན་པའི་ལོ་ཕྱེད་ཕྱི་མའི་བྱ་བའི་བཀོད་སྒྲིག་དང་ཕན་ཚུན་དཔྱད་བསྡུར་བྱ་བའི་འཆར་འགོད་ཚོགས་འདུ་བསྡུས་ཤིང་། ཁྲིམས་འཛིན་ཅུའུ་ཡི་གཞུང་ཞབས་ཁྲིམས་རྩོད་པ་རྡོ་རྗེ་ཚེ་རིང་གིས་ཚོགས་འདུ་ལ་འགོ་འཛིན་བྱས། ཐུན་ཏེ་རྫོང་ཡོངས་ཀྱི་ཁྲིམས་ལུགས་བློ་སྟོན་པ23ཚོགས་འདུར་ཞུགས། 
ཚོགས་འདུའི་ཡུལ་དངོས།
          ཚོགས་ཐོག་ཏུ་སྡེ་བ་དང་སྡོད་ཁུལ་གྱི་ཁྲིམས་ལུགས་བློ་སྟོན་པའི་ལོ་ཕྱེད་རིང་གི་ཁྲིམས་ལུགས་དྲིལ་སྒྲོག་དང་། མི་དམངས་འདུམ་སྒྲིག སྡེ་ཁུལ་ཡོ་བསྲང་མི་སྣའི་དོ་དམ། ཁྲིམས་ལུགས་འདྲི་བཅར་དང་ལེན། སྡེ་སྲོལ་དམངས་ཆིངས་དག་བཅོས་སོགས་ཀྱི་བྱ་བ་དང་བྱ་བའི་ལས་ཐོ་སོགས་ལ་ཕྱོགས་བསྡོམས་བྱས་པ་དང་། སྐབས་ཐོག་གི་བྱ་བའི་གྲུབ་འབྲས་དང་དཀའ་ཁག་སོགས་ཀྱི་ཐད་ནས་བགྲོ་གླེང་དང་བསམ་བློ་བརྗེ་རེས་བྱས་ཤིང་། གནས་པའི་གནད་དོན་ལ་རྒྱུས་ལོན་ཞིབ་མོ་བྱས་པར་མ་ཟད། དམངས་ཀྱི་ཆེད་དུ་དངོན་དངོས་སྒྲུབ་པའི་བྱེད་སྒོ་དང་འབྲེལ་ཏེ་སྡེ་དམག་དང་བློ་སྟོན་པ་མཉམ་འབྲེལ་གྱི་སྣ་མང་ཁྲིམས་ལུགས་ཞབས་ཞུའི་བྱེད་སྒོ་གསར་སྤེལ་བྱས། 
          རྒྱུས་ལོན་པ་ལྟར་ན། ཚོགས་ཐོག་ཏུ་ལོ་ཕྱེད་ཕྱི་མའི་བྱ་བ་དང་ཕན་ཚུན་དཔྱད་བསྡུར་བྱ་བར་བཀོད་སྒྲིག་ཚགས་སུ་ཆུད་པ་བྱས་པར་མ་ཟད། གཤམ་གྱི་རེ་བ་འགའ་བཏོན་པ་སྟེ། གཅིག་ནས་ཁྲིམས་ལུགས་དྲིལ་སྒྲོག་ལ་ཤུགས་བསྣན་ཏེ། རང་འགུལ་གྱིས་དམངས་ཚོགས་ཀྱི་ཁྲིམས་ལུགས་དགོས་མཁོ་སྐོང་བ་དང་། དམངས་དོན་ཁྲིམས་གཞུང་གཙོས་ཁྲིམས་གསར་སོགས་མང་ཚོགས་ལ་ཉེ་བར་མཁོ་བའི་ཁྲིམས་ལུགས་དྲིལ་སྒྲོག་ཡག་པོ་བྱེད་པ། གཉིས་ནས་ཁྱོན་ཡོངས་སུ་འགལ་རྩོད་ཞིབ་བཤེར་བྱེད་ཚད་ཆེ་རུ་བཏང་ནས། ཉིན་རེར་ཐེངས་རེར་ཡར་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ། འགལ་བ་ཆུང་ས་དང་རྩོད་གཞི་འགོ་འབུས་ས། གྱོད་དོན་སྔ་མོ་ནས་ཐག་གཅོད་བྱས་ནས་གནད་དོན་ཐ་དག་ཆུང་སར་སེལ་བར་འབད་རྒྱུ། གསུམ་ནས་ཕན་ཚུན་དཔྱད་བསྡུར་གྱི་བྱ་བར་ནུས་ཤུགས་ཡོད་རྒུས་གྲ་སྒྲིག་བྱས་ཏེ། དུས་རྒྱུན་གྱི་བྱ་བ་ཐ་དག་ལ་ལས་ཐོ་གྲལ་དག་བཟོས་ནས་རྒྱུ་ཆ་ཚང་ཞིང་ནང་དོན་ཚད་ལྡན་ཡིན་པར་བྱེད་དགོས་ལ། འདྲ་མཉམ་དྲང་གཞག་གིས་ཁྲིམས་ལུགས་བློ་སྟོན་པའི་བྱ་བའི་དཔྱད་ཞིབ་བྱེད་ཐབས་ལྟར་ཕན་ཚུན་དཔྱད་བསྡུར་གྱི་བྱ་བ་ཡག་པོ་སྒྲུབ་ནས་གྲུབ་འབྲས་ཐོན་པར་བྱེད་དགོས་ཞེས་བསྟན།