དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ཐུན་ཏེ་རྫོང་ཁྲིམས་འཛིན་ཅུའུ་ཡིས་མི་དམང་འདུམ་སྒྲིག་ཨུཡོན་ལྷན་ཁང་གི་ཀྲུའུ་རིན་དང་རྐང་འཛིན་པའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ།

སྤེལ་དུས 2021-06-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རིག་གྲོལ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་དང་མཚོ་ལྷོ་ཁུལ་རིམ་པའི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་འཆར་འགོད་ཀྱི་རེ་འདུན་དང་ཐུན་ཏེ་རྫོང་གི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་འཆར་གཞི་ལྟར་ཏུ། རྫོང་ཡོངས་ཀྱི་མི་དམངས་འདུམ་སྒྲིག་བྱ་བར་སྐུལ་འདེད་དང་འཕེལ་རྒྱས་སུ་གཏོང་ཆེད་དང་། མི་དམངས་འདུམ་སྒྲིག་པའི་ནུས་པ་མཐོར་འདེགས་བཏང་ནས། སྤྱི་ཚོགས་འགལ་བ་སྣ་ཚོགས་མྱུར་ཏུ་ཆུང་ས་ནས་སེལ་ཏེ། མི་དམངས་འདུམ་སྒྲིག་གིས་སྤྱི་ཚོགས་ཀྱི་བརྟན་བརླིང་སྲུང་སྐྱོབ་དང་སྤྱི་ཚོགས་འཆམ་མཐུན་ལ་སྐུལ་འདེད་བྱས་ནས་བདེ་འཇགས་ཀྱི་འགོག་ར་དང་པོའི་ནུས་པ་མངོན་དུ་བྱ་ཆེད། ཟླ6པའི་ཚེས10ཉིན།རྫོང་ཡོངས་ཀྱི་མི་དམངས་འདུམ་སྒྲིག་པའི་ཀྲུའུ་རིན་དང་རྐང་འཛིན་མི་སྣའི་གསོ་སྦྱོང་འཛིན་གྲྭ་བསྡུས་ལ། རྫོང་ཡོངས་ཀྱི་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་རྐང་འཛིན་པ། ཁྲིམས་ལུགས་བློ་སྟོན་པ། ཁྲིམས་འཛིན་སའོ་ཀྲང་སོགས་མི160ལྷག་གསོ་སྦྱོང་དུ་ཞུགས།
གསོ་སྦྱོང་འཛིན་གྲྭའི་ཡུལ་དངོས།
          རྒྱུས་ལོན་བྱུང་བ་ལྟར་ན།  ཐེངས་འདིའི་གསོ་སྦྱོང་སྟེང་མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭའི་ཁྲིམས་ལུགས་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་ཁྲིམས་ཀྱི་དགེ་རྒན་ཆེན་མོ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ཁྲིམས་ལུགས་སློབ་གླིང་གི་ཁྲིམས་ལུགས་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་སྙིང་བོ་རྒྱལ་ལགས་གདན་དྲངས་ནས་སློབ་ཁྲིད་བྱས་པ་རེད། 
          རྫོང་ཁྲིམས་འཛིན་ཅུའུ་ཡི་གཞུང་ཞབས་ཁྲིམས་རྩོད་པ་རྡོ་རྗེ་ཚེ་རིང་གིས་མདོ་འཛིན་བྱས་པ་དང་། དགེན་སྙིང་བོ་རྒྱལ་ལགས་ཀྱིས་གྱོད་དཔེ་གཞིར་བཟུང་ནས་འབྲེལ་ཡོད་ཀྱི་ཁྲིམས་སྲོལ་རྒྱས་འབྲེལ་བྱས་ཤིང་། ཀུན་གྱིས་ཉན་ན་སྤྲོ་ཞིང་མཐོང་ན་འཛུམ་པའི་དངོས་ཡོད་ཀྱི་གསོན་དཔེ་དག་བེད་སྤྱད་ནས། མི་དམངས་འདུམ་སྒྲིག་བྱ་བའི་གཞུང་ལུགས་དང་ལག་ལེན་གཉིས་ཀྱི་ཐད་དུ་ཁ་གཏད་རང་བཞིན་དང་ལག་ལེན་རང་བཞིན་ལྡན་པར་སློབ་ཁྲིད་བྱས་ལ། མི་དམངས་འདུམ་སྒྲིག་གི་དཔུང་སྡེ་འཛུགས་བསྐྲུན་དང་གྱོད་ཡིག་ཚད་ལྡན་བཟོ་བ། འདུམ་སྒྲིག་གི་དམིགས་ཡུལ་ངོས་འཛིན་དང་། ཐབས་ཇུས་གདམ་གསེས། བྱེད་ཐབས་བེད་སྤྱོད། རྩ་དོན་དམ་འཛིན་སོགས་ཀྱི་ཐད་ནས་ཚན་རིག་དང་མཐུན་ལ་དངོས་ཡོད་ལ་མཚམས་པའི་སློབ་སྟོན་གནང་སྟེ། མི་དམངས་འདུམ་སྒྲིག་པས་གྱོད་གཞི་འདུམ་སྒྲིག་གི་ཁྲོད་དུ་ཐབས་ལམ་གསར་བ་དང་རིག་ལམ་གསར་བ་བཙལ་ནས། ཁྲིམས་ལུགས་ལ་གཞི་བཅོལ་ཞིང་དམངས་སྲོལ་ལ་ཟུར་ལྟ་བྱས་ཏེ་དོ་བདག་ཕྱོགས་གཉིས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱས་ནས་འགལ་བ་འདུམ་དགོས་པའི་བསླབ་བྱ་གནང་། 
          དེ་རྗེས་རྫོང་འགལ་རྩོད་ཕྱོགས་བསྡུས་མཉམ་སྒྲུབ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན། རྒྱལ་ཁབ་རིམ་པའི་དཔེ་བཟང་གཟུ་བ་ཡུལ་ལྷ་ཚེ་རིང་ལགས་ཀྱིས་རང་གི་ལོ་མང་རིང་གི་འདུམ་སྒྲིག་མཉམ་མྱོང་ལ་གཞི་བཅོལ་ནས་མི་དམངས་འདུམ་སྒྲིག་བྱ་བའི་མཉམ་འཇོག་བྱེད་ས་དང་། བྱེ་བྲག་གི་འདུམ་སྒྲིག་ཐབས་ལམ། འདུམ་སྒྲིག་པའི་རྩ་དོན་དང་ཀུན་སློང་སོགས་ཀྱི་ཐད་ནས་གདམས་ངག་ལྷུག་པར་བསྩལ་བས། རྒྱ་ཆེའི་མི་དམངས་འདུམ་སྒྲིག་པ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཅིང་། འདུམ་སྒྲིག་གི་བྱ་བའི་ཐད་ལ་ཡང་ངོས་ཟིན་གསར་བ་རྙེད། 

ཚོགས་འདུའི་ཡུལ་དངོས།
          རྡོ་རྗེ་ཚེ་རིང་གིས། ཐེངས་འདིའི་གསོ་སྦྱོང་བརྒྱུད་ནས་རྫོང་ཡོངས་ཀྱི་མི་དམངས་འདུམ་སྒྲིག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་རྐང་འཛིན་པའི་ལས་ཀའི་ནུས་པ་མཐོར་འདེགས་སུ་སོང་བ་དང་། ཁོ་ཚོར་འདུམ་སྒྲིག་གི་གཞུང་ལུགས་དང་ལག་ལེན་གང་གི་ཐད་ནས་ཀྱང་ཤེས་བྱ་ཕུན་སུམ་ཚོགས་པ་མཁོ་སྤྲོད་བྱས་པས། ཚོགས་ཞུགས་པ་རྣམས་རབ་ཏུ་མགུ་ཞིང་འདི་ལྟ་བུའི་གསོ་སྦྱོང་ཐེངས་མང་སྤེལ་བའི་རེ་བ་ཡང་ཡང་བཏོན་པ་དང་། རྗེས་ཕྱོགས་མི་དམངས་འདུམ་སྒྲིག་གི་བྱ་བ་གཏིང་ཟབ་ཏུ་སྤེལ་བར་རྨང་གཞི་བརྟན་པོ་བཞག་ཡོད་ཅེས་གསུངས། 

རྩོམ་སྒྲིག་པ། རིག་གྲོལ།