ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས།
ཉང་བྲན་ལམ་གྲོང་བྱང་བདེ་སྡོད་གླིང་གི་སྒོ་འགྲམ་དུ་གནས་པའི།
“ཡོན་རུའུ་ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་སྒོ་བསྟེན་སྨན་བཅོས་ཁང”གི་ཚོང་གཉེར་སྐོར་ལ་དོགས་གཞི་ཡོད་པས།
ནུས་ཡོད་དུས་ཡུན་ལས་བརྒལ་བའི་སྨན་རྫས་ལ་ཞིབ་བཤེར་བྱས་པ་དང་།
དེ་ག་ནས་ནུས་ཡོད་དུས་ཡུན་ལས་བརྒལ་བའི་སྨན་རྫས་ནུའོ་ཏེ་ཧྲེང་རྟགས་ཅན་གྱི་སྐེད་པ་ན་བའི་སྨན་རྫས་དང་།
ཡུན་ཕེང་རྟགས་ཅན་གྱི་པི་ཞི་ཁང་སྨན་རྫས་ཤེལ་དམ1རེ།
པའོ་ཀྲི་ལི་རྟགས་ཅན་གྱི་ཅན་འར་ལི་བྱིས་པའི་སྨན་རྫས་ཁུག་མ1(ཁུག་མ་རེར་ཁེ5འདུག)བཅས་རྩད་ཆོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཞིབ་བཤེར་བྱས་པ་བརྒྱུད་ནས་སྒོ་བསྟེན་སྨན་ཁང་དེས་གོང་གསལ་གྱི་ནུས་ཡོད་དུས་ཡུན་ལས་བརྒལ་བའི་སྨན་རྫས་བཙོངས་ཟིན་པ་རྣམས་ཚོང་ཟོག་རྗེས་འདེད་དང་བྱུང་འཛིན་དཔང་ཡིག་མཁོ་འདོན་བྱེད་མི་ཐུབ་ལ། ཚོང་ཟོག་མཁོ་འདོན་བྱས་པའི་རྩིས་ཁྲའི་ཟིན་ཐོ་ཡང་མཁོ་འདོན་བྱེད་ཐབས་བྲལ་བས། སྒོ་བསྟེན་སྨན་ཁང་གཉེར་སྐྱོང་བས་ནུས་ཡོད་དུས་ཡུན་ལས་བརྒལ་བའི་སྨན་རྫས་བཙོངས་པའི་བྱ་སྤྱོད་ལ་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད། བྱ་སྤྱོད་འདི་རིགས་ནི《སྨན་རྫས་དོ་དམ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་དོན་ཚན་གོ་བརྒྱད་པའི་ནང་གསེས་དོན་ཚན(ལྔ)པའི་གཏན་འབེབས་དང་འགལ་ནས་ནུས་ཡོད་དུས་ཡུན་ལས་བརྒལ་བའི་སྨན་རྫས་བཙོངས་པའི་ཉེས་པ་གྲུབ་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་རྫས་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་བརྒྱ་དང་བཅུ་བདུན་པའི་གཏན་འབེབས་གཞིར་བཟུང་སྟེ། དོ་བདག་པར་ནུས་ཡོད་དུས་ཡུན་ལས་བརྒལ་བའི་སྨན་རྫས་རྣམས་གཞུང་བཞེས་གཏོང་རྒྱུ་དང་དངུལ་ཆད་སྒོར་ཁྲི10ཡི་སྲིད་འཛིན་ཆད་པ་བཅད་པ་རེད།
ཡུལ་དངོས་སུ་ཞིབ་བཤེར་བྱེད་བཞིན་པ།
ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གྱོད་གཞི་འདིར་ཞིབ་བཤེར་ཐག་གཅོད་བྱས་པ་འདིས་ཁོངས་གཏོགས་ཁུལ་གྱི་སྨན་རྫས་ཚོང་གཉེར་བྱེད་སྟངས་ཚད་ལྡན་དུ་བཏང་བ་མ་ཟད། སྨན་རྫས་ཚོང་གཉེར་ཚན་པ་གཞན་དག་ལ་ཉེན་བརྡ་གཏོང་བའི་ནུས་པའང་ཐོན་ཡོད། རྗེས་ཕྱོགས་ཁྲེང་ཀོན་ཆུས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ་དང་ལྟ་སྐུལ་གྱི་ཕན་ནུས་ཆེ་རུ་གང་ཐུབ་པའི་བསྐྱེད་ནས་སྨན་རྫས་ཁྲོམ་ར་འདི་ཉིད་བདེ་འཇགས་དང་གོ་རིམ་ལྡན་པ་ཡོང་བར་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན་ཞེས་བཤད།
རྩོམ་སྒྲིག་པ། བདེ་སྒྲོན།