བཙན་ཁྲིད་བྱས་པའི་བྱིས་པར་སུས་ཐེམ་ཐོ་བཟོས་པ་ཡིན་ནམ།
སྤེལ་དུས 2021-12-10
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ།
ཧྲན་ཏུང་ཞིང་ཆེན་ལིའོ་ཁྲེང་གྲོང་ཁྱེར་དབྱང་ཀུའུ་རྫོང་སྤྱི་བདེ་ཅུས་ཀྱིས་ཟླ12པའི་ཚེས8ཉིན་གནས་ཚུལ་བརྡ་ཁྱབ་བཏང་བའི་ནང་དོན་ཆ་ཚང་གཤམ་གསལ་ལྟར།
ཉེ་ཆར། སྤྱི་བདེ་པུའུ་ཡིས་སྤེལ་བའི“ལྷན་འཛོམས་བྱ་སྤྱོད”ནང་སྤྱི་བདེ་ལས་ཁུངས་ཀྱིས་གློག་བརྙན《སྙིང་སྡུག་ལགས》ཞེས་པའི་མ་ཕྱིའི་མི་སྣ་སུན་ཧའེ་དབྱང་གི་བུ་བཙན་ཁྲིད་བྱས་པའི་གྱོད་གཞིར་སྤྱི་ཚོགས་ཀྱིས་རྒྱ་ཁྱབ་སྒོས་དོ་ཁུར་བྱས་པ་རེད།
ང་ཚོས་འཕྲལ་མར་ཆེད་དོན་ཚོ་ཆུང་བཙུགས་ནས་བཙན་ཁྲིད་བྱས་པའི་ཕྲུ་གུར་ཐེམ་ཐོ་བཟོས་པའི་གནད་དོན་ལ་བརྟག་དཔྱད་བྱས་ཤིང་། ཐོག་མར་ཤེས་རྟོགས་རགས་ཙམ་བྱུང་བ་ནི། སུན་ཀྲུའོ་སྟེ་སུན་ཧའེ་དབྱང་གི་བུ་ད་ལྟ་མིང་ལ་གོ་ཆེ་གེ་མོ་ཞེས་བཀོལ་བ་དང་། ཐེམ་ཐོ་ཡོད་སའི་ས་གནས་ནི་ཧེ་ལུང་ཅང་ཞིང་ཆེན་གྱི་གྲོང་ཁྱེར་ག་གེ་མོ་ཞིག་རེད། གནས་ཚུལ་སྤེལ་བའི་ནང་བཙན་ཁྲིད་བྱས་པའི་བྱིས་པ་གཞན་ཞིག་སྟེ་ཧྥུའུ་ཅན་ཐའོ་ཡི་མིང་ལ་ད་ལྟ་ཝུའུ་ཆེ་གེ་མོ་ཞེས་བཀོལ་བཞིན་ཡོད། ཐེམ་ཐོ་ནི་རྫོང་དེ་ག་རང་དུ་ཡོད། འབྲེལ་ཡོད་གནས་ཚུལ་མུ་མཐུད་བརྟག་དཔྱད་བྱེད་བཞིན་ཡོད་ལ། སྒྲིག་འགལ་ཁྲིམས་འགལ་དང་འབྲེལ་བ་ཡོད་པའི་གནད་དོན་ཡིན་ཕྱིན་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན།
དབྱང་ཀུའུ་རྫོང་སྤྱི་བདེ་ཅུས།
2021ལོའི་ཟླ12པའི་ཚེས8ཉིན།
རྩོམ་སྒྲིག་པ། བདེ་སྒྲོན།