ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

བསམ་སྤྱོད་གཉིས་ལྡན་སྒོས་བཅའ་ཁྲིམས་བརྩི་སྲུང་ཞུ་བ།

སྤེལ་དུས 2022-12-12 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

འདི་ནི་བོད་ལྗོངས་འགྲམ་འགག་སྒོའི་གཉའ་ནང་རྒྱལ་མཚམས་འཛུལ་སྒྲོལ་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་འགྲམ་གྲོང་རྡལ་གྱི་ཚོང་དུད་ལ་རྩ་ཁྲིམས་འགྲེལ་བཤད་རྒྱག་བཞིན་པ།
          2022ལོ་ནི་རང་རྒྱལ་གྱིས་ད་ལྟ་ལག་ལེན་བསྟར་བཞིན་པའི་རྩ་ཁྲིམས་ཁྱབ་བསྒྲགས་དང་ལག་བསྟར་བྱས་ནས་ལོ་40འཁོར་བའི་ལོ་ཞིག་རེད། རྒྱལ་ཡོངས་ཀྱི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་དགུ་པ་དང“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”ཐེངས་ལྔ་པའི་སྐབས་སུ། བོད་ལྗོངས་ཀྱི་ས་གནས་ཁག་དང་སྡེ་ཚན་ཁག་གིས“ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱས་ནས་རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་དང་། མང་ཚོགས་ཀྱི་བཅའ་ཁྲིམས་བློ་འདྲིར་ངོ་ཐུག་གདོང་འཕྲད་ཀྱིས་ལན་བརྒྱབ་པ། རྒན་གསོའི་ཁ་བསླུས་དང་གློག་འཕྲིན་ཁ་བསླུས་སོགས་སྔོན་འགོག་བྱེད་པའི་ཁྲིམས་སྐྱོང་དྲིལ་བསྒྲགས་ཀློག་དེབ་སྤྲད་ནས་ཚང་མར་བཅའ་ཁྲིམས་སྤྱད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་རྒྱུར་ཁྲིད་སྟོན་བྱས་ཡོད། །
རྩོམ་སྒྲིག་པ། བདེ་སྒྲོན།