ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > གསར་ཤོས།

ད་ལོ་ཀྲུང་དབྱང་སྒྲིག་ཨུད་ཀྱིས་ལས་བྱེད་པ་འདི་དག་ཐག་གཅོད་བྱས་པ།

སྤེལ་དུས 2023-11-01 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

              རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཆད་པ་བཅད་པའི་གོ་གནས་མི་འདྲ་བའི་བསྡུར་གྲངས་རི་མོ།

              2023ལོའི་ཟླ་དང་པོ་ནས་དགུ་པ་བར། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཡིག་འབུལ་ཞུ་བཅར་གྱི་ཐེར་འདོན་ཐེངས་ཁྲི་261.7དང་ལེན་བྱས་པར། ཐེར་འདོན་ཉེས་བགྲང་རིགས་ཀྱི་ཡིག་འབུལ་ཞུ་བཅར་ཐེངས་ཁྲི་81.9ཟིན་པ་དང་། གནད་དོན་གྱི་ཁུངས་སྣེ་ཁྲི་128.3ཐག་གཅོད་བྱས་པའི་ཁྲོད་ཡིག་འབུལ་འདྲི་རྩད་ཁྲི་26.6ཟིན་པ། གྱོད་དོན་ཐོ་འགོད་ཁྲི་47བྱས་པའི་ཁྲོད། ཀྲུང་དབྱང་རྩ་འཛུགས་པུའི་དོ་དམ་བྱེད་ཁོངས་ཀྱི་ལས་བྱེད་པ་54དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་2480 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་2 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་6.5བཅས་ལ་གྱོད་དོན་ཐོ་འགོད་བྱས་པ་དང་། ད་ལྟ་འགན་འཁུར་མུས་དང་ཡང་ན་དེ་སྔ་གྲོང་ཚོ་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་མྱོང་མཁན་ཁྲི་4.6ལ་གྱོད་དོན་ཐོ་འགོད་བྱས་ཡོད། མི་ཁྲི་40.5ལ་ཆད་པ་བཅད་པའི་ཁྲོད། མི་ཁྲི་33.1ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་པ་དང་མི་ཁྲི་10.8ལ་སྲིད་དོན་གྱི་ཆད་པ་བཅད་ཅིང་། ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པ་34དང་། ཐིང་དང་ཅུས་རིམ་པའི་ལས་བྱེད་པ་2244 རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་ཁྲི་1.6 ཤང་དང་ཁོའོ་རིམ་པའི་ལས་བྱེད་པ་ཁྲི་5.4 ལས་བྱེད་པ་དཀྱུས་མ་ཁྲི་5.6 དེ་བཞིན་གྲོང་གསེབ་དང་ཁེ་ལས་སོགས་ཀྱི་མི་སྣ་གཞན་དག་ཁྲི་27.7བཅས་ལ་ཆད་པ་བཅད་པ་རེད།

              རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ཐབས་རྣམ་བཞི་སྤྱད་ནས་ཆད་པ་བཅད་པའི་བསྡུར་གྲངས་རི་མོ།

              2023ལོའི་ཟླ་དང་པོ་ནས་དགུ་པ་བར། རྒྱལ་ཡོངས་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“ཐབས་རྣམ་བཞི”སྤྱད་དེ་ཁྱོན་མི་ཐེངས་ཁྲི་119.7ལ་སྐྱོན་བརྗོད་སློབ་གསོ་དང་། རོགས་རམ། ཐག་གཅོད་བཅས་བྱས་པའི་ཁྲོད། ཐབས་རྣམ་དང་པོ་སྤྱད་ནས་མི་ཐེངས་ཁྲི་78.5ལ་སྐྱོན་བརྗོད་སློབ་གསོ་དང་རོགས་རམ་བྱས་པ་དེས་མི་ཐེངས་བསྡོམས་འབོར་གྱི་65.5%བཟུང་བ་དང་། ཐབས་རྣམ་གཉིས་པ་སྤྱད་ནས་མི་ཐེངས་ཁྲི་32.1ལ་ཐག་གཅོད་བྱས་པ་དེས་26.9%བཟུང་བ། ཐབས་རྣམ་གསུམ་པ་སྤྱད་ནས་མི་ཐེངས་ཁྲི་4.4ལ་ཐག་གཅོད་བྱས་པ་དེས་3.7%བཟུང་བ། ཐབས་རྣམ་བཞི་པ་སྤྱད་ནས་མི་ཐེངས་ཁྲི་4.6ལ་ཐག་གཅོད་བྱས་པ་དེས་3.9%བཟུང་བ་བཅས་རེད།

             ལྐོག་རྔན་ལེན་སྤྲོད་མཉམ་དུ་ཞིབ་བཤེར་བྱེད་པ་མཐའ་འཁྱོངས་བྱས་ཤིང་། ལྐོག་རྔན་སྤྲོད་མཁན་ཁྲི་1.2ལ་གྱོད་དོན་ཐོ་འགོད་བྱས་པ་དང་། མི་2365ཞིབ་དཔྱོད་ལས་ཁུངས་ལ་རྩིས་སྤྲད་པ་རེད།

རྩོམ་སྒྲིག་པ། མང་ག་མཚོ།