དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

འབྲུ་རིཊ་ཚར་གྲབས་ཡོད་པའི་དཀྲོག་གཏམ་སྤེལ་མཁན་བཀག་ཉར་བྱས་པ།

སྤེལ་དུས 2020-04-08 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།

           ཧྲན་ཏུང་གི་སྐྱེས་པ་ཞིག་གིས་གྲོ་ཞིབ་དང་འབྲས་ཕྱིར་ཚོང་བྱ་ཆེད་རྒྱལ་ཁབ་ཀྱི་འབྲུ་རིགས་ཚར་གྲབས་ཡོད་པའི་དཀྲོག་གཏམ་སྤེལ་པས་སྲིད་འཛིན་བཀག་ཉར་བྱས་པ།
          སྤྱི་ལོ་2020ལོའི་ཟླ་4པའི་ཚེས་3ཉིན་གྱི་ཆུ་ཚོད་2པ་ཙམ་ལ་མི་ཞིག་གིས་སྐད་འཕྲིན་ཚོགས་པར“འབྲུ་རིགས་འཕྲོག་ཉོ་བྱེད་བཞིན་འདུག་”ཅེས་པའི་ཆ་འཕྲིན་སྤེལ་བ་དང་འབྲེལ་འབྲུ་རིགས་ཉོ་ཡུལ་གྱི་འབྲེལ་གཏུག་བྱེད་སྟངས་ཀྱང་སྤེལ་ཡོད། བརྟག་དཔྱད་བྱས་པ་བརྒྱུད་ཤེས་པར། སྐྱེས་པ་དེའི་མིང་ལ་ཝང་ཆེ་གེ་མོ་ཟེར་ཞིང་། ལོ་34ལ་སླེབས་ཡོད། ཞིན་ཐའེ་གྲོང་ཁྱེར་ཀུའུ་ལི་གྲོང་བརྡལ་ནས་ཡིན་ཞིང་། འབྲུ་རིགས་ཚོང་ཁང་བདག་གཉེར་བྱེད་བཞིན་ཡོད་པ་དང་། གྲོ་ཞིབ་དང་འབྲས་ཕྱིར་ཚོང་བྱ་ཆེད“འབྲུ་རིགས་འཕྲོག་ཉོ་བྱེད་བཞིན་ཡོད་པ་དང་འབྲུ་རིགས་ཚོང་ཁང་ཚང་མར་འབྲུ་རིགས་ཚར་ཡོད་”ཅེས་པའི་ཆ་འཕྲིན་རྫུན་མ་བཟོས་ནས་སྤྱི་ཟླ་4པའི་ཚེས་3ཉིན་གྱི་ཆུ་ཚོད་2ཙམ་ལ་སྐད་འཕྲིན་གྱི་ཚོགས་པ་མང་པོའི་ནང་དུ་སྤེལ་བ་རེད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་ཕྱོགས་སྐོར་གྱི་བཅའ་ཁྲིམས་》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཝང་ཆེ་གེ་མོར་སྲིད་འཛིན་བཀག་ཉར་གྱི་ཉེས་ཆད་བཅད།
          ཧྲན་ཏུང་དྲ་བའི་ཉེན་རྟོག་པས་དྲ་རྒྱ་ནི་ཁྲིམས་མེད་པའི་ཡུལ་ཞིག་མིན་པས་དྲ་ཐོག་ནས་ཆ་འཕྲིན་དང་གཏམ་བརྗོད་སྤེལ་སྐབས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་དགོས་པ་དང་། དཀྲོག་གཏམ་རྫུན་བཟོ་དང་། ཁྱབ་བསྒྲགས། འགྲེམ་སྤེལ་བཅས་བྱས་ན་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་བཟོ་སྲིད་པས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན་ཞེས་དྲན་སྐུལ་བྱས་ཡོད།

རྩོམ་སྒྲིག་པ། བདེ་སྒྲོལ།