དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཆང་རག་བཏུང་ནས་རླངས་འཁོར་བཏང་པའི་མཇུག་འབྲས།

སྤེལ་དུས 2020-04-13 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།

          ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་བསྟུད་མར་མཚན་བཤེར་བྱ་འགུལ་སྤེལ་ནས། ཆང་རག་བཏུང་རྗེས་རླངས་འཁོར་གཏོང་བ་དང་། ཁ་ལོ་བའི་ལག་ཁྱེར་མེད་པར་རླངས་འཁོར་གཏོང་བ་སོགས་ཀྱི་འགྲིམ་འགྲུལ་ཁྲིམས་འགལ་སྤྱོད་སྟངས་ལ་དམིགས་ཏེ་ཆེད་དོན་བཅོས་སྐྱོང་བྱ་འགུལ་སྤེལ་བ་རེད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུད་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གིས་མཚན་བཤེར་བྱ་སྐབས། གསར་འགོད་པ་ཉེན་རྟོག་པ་དང་མཉམ་དུ་མཚན་བཤེར་བྱ་སའི་ཡུལ་དངོས་སུ་སོང་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཆང་རག་བཏུང་རྗེས་རླངས་འཁོར་གཏོང་བའི་ཁྲིམས་འགལ་གྱི་སྤྱོད་སྟངས་འདུག ཟླ་༣ཚེས་༡༥ཉིན་གྱི་མཚན་མོར་ཆང་རག་བཏུང་རྗེས་རླངས་འཁོར་བཏང་པའི་ཁྲིམས་འགལ་གྱི་སྤྱོད་སྟངས་༡དང་། ཟླ་༣ཚེས་༢༢ཉིན་གྱི་མཚན་མོར་ཆང་རག་བཏུང་རྗེས་རླངས་འཁོར་བཏང་པའི་ཁྲིམས་འགལ་གྱི་སྤྱོད་སྟངས་༢དང་། ཟླ་༤ཚེས་༣ཉིན་གྱི་མཚན་མོར་ཆང་རག་བཏུང་རྗེས་རླངས་འཁོར་བཏང་པའི་སྤྱོད་སྟངས་༦བཅས་རྩད་ཆོད་འདུག 

          ཆང་རག་བཏུང་རྗེས་རླངས་འཁོར་གཏོང་བ་ལ་ཆང་རག་བཏུང་ནས་རླངས་འཁོར་བཏང་པ་དང་ར་བཟི་ནས་རླངས་འཁོར་བཏང་པ་སྟེ་རིགས་གཉིས་སུ་བཀར་ཡོད། ཆང་རག་བཏུང་ནས་རླངས་འཁོར་བཏང་པ་ནི་ཁ་ལོ་བའི་ཁྲག་རྩའི་ནང་གི་ཆང་བཅུད་འདུས་ཚད་༢༠mg/༡༠༠mlལས་མཐོ་བ་དང་མཉམ་པ། ཡང་ན་༨༠mg/༡༠༠mlལས་དམའ་བའི་སྐབས་སུ་རླངས་འཁོར་བཏང་པའི་སྤྱོད་སྟངས་ལ་ཟེར། ར་བཟི་ནས་རླངས་འཁོར་བཏང་པ་ནི་ཁ་ལོ་བའི་ཁྲག་རྩའི་ནང་གི་ཆང་བཅུད་འདུས་ཚད་༨༠mg/༡༠༠ml ལས་མཐོ་བ་དང་ཡང་ན་མཉམ་པ་ཡིན་པའི་སྐབས་སུ་རླངས་འཁོར་བཏང་པའི་སྤྱོད་སྟངས་ལ་ཟེར།
ཁྲིམས་འགལ་རྣམ་པ་མི་འདྲ་བའི་རྐྱེན་གྱིས་ཐག་གཅོད་བྱེད་པའི་རྣམ་པའང་མི་འདྲ། མི་དམངས་ཉེན་རྟོག་པས་གསལ་འདེབས་བྱས་དོན། ཆང་རག་བཏུང་ནས་རླངས་བཏང་པའི་རིགས་ལ་ཟླ་༦རིང་ཁ་ལོ་བའི་ལག་ཁྱེར་བསྡུ་ཉར་བྱ་རྒྱུ་དང་། སྒོར་༡༠༠༠ཡན་ནས་༢༠༠༠མན་གྱི་ཆད་པ་བཅད་རྗེས་ཐེངས་གཅིག་ལ་སྐར་མ་༡༢འཐེན་རྒྱུ་རེད། ར་བཟི་ནས་རླངས་འཁོར་བཏང་པའི་རིགས་ལ་འགྲིམ་འགྲུལ་ཉེན་རྟོག་པས་ཆང་རག་དྭངས་པའི་བར་ཚོད་འཛིན་བྱེད་པར་མ་ཟད། ད་དུང་ཁ་ལོ་བའི་ལག་ཁྱེར་རྩིས་མེད་བཏང་སྟེ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་རྩད་ཞིབ་བྱ་རྒྱུ་ཡིན་པ་དང་། ལོ་༥ནང་ཁ་ལོ་བའི་ལག་ཁྱེར་བླངས་མི་ཆོག

          ཆང་རག་བཏུང་ནས་ཆད་པ་ཕོག་རྗེས་ཡང་བསྐྱར་ཆང་རག་བཏུང་ནས་རླངས་འཁོར་བཏང་ཚེ་ཅི་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པའི་སྐོར་གསར་འགོད་པས་མི་དམངས་ཉེར་རྟོག་པར་དྲིས་པའི་དྲིས་ལན། ཆང་རག་བཏུང་ནས་ཆད་པ་ཕོག་རྗེས་ཡང་བསྐྱར་ཆང་རག་བཏུང་ནས་རླངས་འཁོར་བཏང་ཚེ་ཉིན་༡༠ལ་བཀག་ཉར་བྱེད་པ་དང་། སྒོར་༡༠༠༠ཡན་ནས་སྒོར་༢༠༠༠མན་གྱི་ཆད་པ་བཅས་རྗེས་ཁ་ལོ་བའི་ལག་ཁྱེར་རྩིས་མེད་གཏང་རྒྱུ་རེད།