དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

མཚོ་བྱང་ནས་བྱུང་བའི་རུལ་སུངས་སྐོར་གྱི་དཔེ་མཚོན་གྱོད་དཔེ2

སྤེལ་དུས 2020-06-11 ཡོང་ཁུངས། རྩོམ་པ་པོ།
        མཚོ་བྱང་ཁུལ་སྒྲིག་ཨུས་བརྡ་ཁྱབ་བཏང་བའི་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་གྱི་དཔེ་མཚོན་གྱོད་གཞི2། 
        དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་ཆེད་དོན་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། དཔེ་མཚོན་གྱོད་གཞིའི་ཉེན་བརྡ་གཏོང་བའི་སློབ་གསོའི་ནུས་པ་འདོན་སྤེལ་བྱེད་པ། གྱོད་དཔེར་བརྟེན་ནས་སྒྲིག་ཁྲིམས་ཁ་གསལ་བཟོ་བ་དང་དག་ཐེར་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཆེད་ད་ལྟ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་དཔེ་མཚོན་གྱོད་དཔེ2བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།
        1.རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་དགོན་གོང་མ་སྡེ་བའི་རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་མ་དངུལ་རྫུན་ཞུ་གཡོ་ལེན་བྱས་པའི་གནད་དོན། 2017ལོར། སྐབས་དེ་དུས་དགོན་གོང་མའི་ཏང་ཀྲི་པུའི་ཧྲུའུ་ཅི་སྒྲོལ་ཁོ་དང་སྐབས་དེའི་ཀྲུའུ་རིན་དབང་ཆེན་གྱིས་དཔལ་དགེ་གྲོང་རྡལ་སྲིད་གཞུང་ལ་རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་ཀྱི་རྨོ་ཞིང་རྒྱ་ཁྱོན་སྙན་སེང་དྲང་མོར་མ་ཞུས་པར་ཁ་གསབ་མ་དངུལ་སྒོར་ཁྲི98.56རྫུན་ཞུ་གཡོ་ལེན་བྱས་པ་རེད། 2018ལོར་སྐབས་དེའི་དགོན་གོང་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་གཡུ་རྩེ་རྒྱལ་དང་སྡེ་བའི་ཀྲུའུ་རིན་རིན་ཆེན་གཉིས་ཀྱིས་མུ་མཐུད་རྨོ་ཞིང་ཁ་གསབ་མ་དངུལ་སྒོར་ཁྲི75.55རྫུན་ཞུ་གཡོ་ལེན་བྱས་པ་རེད། ད་ལྟ་རྫུན་ཞུ་གཡོ་ལེན་བྱས་པའི་མ་དངུལ་སྒོར་ཁྲི174.11ཚང་མ་རྒྱལ་མཛོད་དུ་རྩིས་འབུལ་བྱས་ཡོད། སྒྲོལ་ཁོ་དང་དབང་ཆེན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་བཅད་པ་དང་གཡུ་རྩེ་རྒྱལ་དང་རིན་ཆེན་ལ་ཏང་ནང་ཁུལ་གྱི་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་བཅད་ཡོད། རྨོ་ཞིང་གི་ཁ་གསབ་མ་དངུལ་རྒྱ་ཁྱོན་ལ་ཞིབ་བཤེར་གཏན་འབེབས་དང་གནད་འགག་དམ་འཛིན་ནན་པོ་མ་བྱས་པ་དང་འགན་ནུས་སྒྲུབ་ཤུགས་མི་འདང་བ། ལས་འགན་འཆོལ་བ་བཅས་ཀྱི་རྐྱེན་གྱིས་དཔལ་དགེ་གྲོང་རྡལ་སྲིད་གཞུང་གི་གྲོང་དཔོན་གཞོན་པ་ཏ་ཡུས་ཝུན་དང་། ལས་བྱེད་པ་ཆོས་འཛིན། རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུས་ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱི་ཀྲན་ཀྲང་ལི་ཁེ་ལུན་བཅས་ལ་སོ་སོར་ཏང་ནང་ཁུལ་གྱི་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་བཅད་པ་དང་། དཔལ་དགེ་གྲོང་རྡལ་གྱི་གྲོང་དཔོན་གཞོན་པ་ཀླུ་རྒྱལ་ཐར་ལ་ཏང་ནང་ཁུལ་གྱི་ཐ་ཚིག་སྒྲོག་པའི་ཆད་པ་བཅད་པ་རེད། དཔལ་དགེ་གྲོང་རྡལ་དེ་སྔའི་ཏང་ཨུའི་ཧྲུའུ་ཅི་ཀྲང་ཧྥུའུ་ཆང་དང་རྫོང་ཞིང་ཕྱུགས་དང་ཚན་རྩལ་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ཚེ་རིང་གཉིས་ལ་སོ་སོར་བསླབ་འདོམས་སྐུལ་ལྕག་གི་ཁ་བརྡ་བྱས་པ་རེད། དཔལ་དགེ་གྲོང་རྡལ་གྱི་གྲོང་དཔོན་ཀྲང་ཡིའུ་ཅུན་ལ་ཁ་ཆད་བྱས་ནས་དྲན་སྐུལ་བྱས་པ་རེད།
        2.མདའ་བཞི་རྫོང་གསེར་ཐང་ཞང་ཏའོ་དབྱང་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་མ་ཡུས་ཁུའུ་ཡིས་སྒྲིག་འགལ་ངང་ཡུལ་གཞན་གནས་སྤོའི་རྣམ་གྲངས་ཀྱི་མ་དངུལ་གཡོ་ལེན་བྱས་པ་རེད། 2014ལོའི་ཟླ8པར། གསེར་ཐང་ཞང་གིས་ཡུལ་གཞན་གནས་སྤོའི་རྣམ་གྲངས་ལག་བསྟར་བྱེད་སྐབས། སྐབས་དེའི་ཏའོ་དབྱང་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་མ་ཡུས་ཁུའུ་ཡིས་སྒྲིག་འགལ་གྱི་གནས་ཚུལ་འོག སྡེ་བའི་ཨུ་ལྷན་གཉིས་ཀྱི་ཁོངས་མིའི་ཚོགས་འདུ་སྐོང་ཚོགས་བྱས་ནས2011ལོའི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་རྣམ་གྲངས་ཀྱི་ཁ་གསབ་རོགས་དངུལ་ཐོབ་མྱོང་བའི་དུད་ཚང2ཀྱིས་ཡུལ་གཞན་དུ་གནས་སྤོའི་རྣམ་གྲངས་ཀྱི་ཁ་གསབ་རོགས་དངུལ་ཁྱོན་སྒོར་ཁྲི8མུ་མཐུད་ལོངས་སྤྱོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། དེའི་ནང་གི་སྒོར་ཁྲི5ཚུར་བསྡུ་བྱས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྤྱད་པ་རེད། མཱ་ཡུས་ཁུའུ་ལ་ཏང་ནང་གི་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་བཅད་ཡོད།
        གོང་གསལ་གྱི་དཔེ་མཚོན་གྱོད་དཔེ2ལས་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་ཚབས་ཆེན་བཏང་བ་དང་དབུལ་ཐར་འགག་སྒྲོལ་གྱི་སྤུས་ཚད་ལ་ཤུགས་རྐྱེན་ཐེབས་པས་ངེས་པར་དུ་སྒྲིག་ཁྲིམས་དང་བཅའ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་དགོས། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱས་ཏེ་གཅིག་ཤེས་ཀུན་གྲོལ་གྱིས་ཁྲིམས་སྲུང་ནན་མོ་བྱེད་དགོས།
        ད་ལོ་ནི་དབུལ་ཐར་འགག་སྒྲོལ་གྱི་མཇུག་བསྡུའི་ལོ་ཞིག་ཡིན། མིག་སྔར་ཐག་གཅོད་དམག་འཐབ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་དུས་མཚམས་སུ་གནས་ཡོད་པས། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས“འདུ་ཤེས་བཞི་”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་། “སྲུང་སྐྱོང་གཉིས”མཐོ་ཚད་ལག་བསྟར་བྱེད་པ། དབུལ་ཐར་འགག་སྒྲོལ་གྱི་གཙོ་བདག་འགན་འཁྲི་ཏན་ཏིག་བསྒྲུབས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་དེ་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་སུ་སླེབས་ཡོད་པར་ངོས་འཛིན་ཐོབ་དགོས། རྣམ་འགྱུར་དང་སྤྱོད་ཚུལ། བློ་སྟོབས་དང་གཤིས་རྒྱུད་ནི་བརྩོན་བྱ་ཡིན་ལ། “ལྷོད་གཡེང་དང་ངལ་གསོ་རྒྱག་པའི”བསམ་ཚུལ་མཐའ་གཅིག་ཏུ་དོར་ནས་འགན་འཁྲི་དེ་བས་ཏན་ཏིག་ངང་འཁུར་དགོས། ལས་འགན་དེ་བས་དམ་པོར་དམིགས་པ་དང་ལས་དོན་དེ་བས་ཞིབ་ཚགས་བསྒྲུབས་ནས་དབུལ་ཐར་འགག་སྒྲོལ་གྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དང་དམངས་འཚོའི་འདུ་འགོད་ཨང་དང་པོ་དེ་མཐའ་གཅིག་ཏུ་ལེགས་སྒྲུབ་བྱེད་དགོས། དབུལ་སྐྱོར་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་དགོས་ལ་བླང་བྱ་ནན་མོ་ཡང་འདོན་དགོས་པ་དང་། ཏང་ཡོན་ལས་བྱེད་པས་སེམས་ནུས་ཡོད་རྒུ་འདོན་པ་དང་སྤྱོད་གཙང་རང་སྲུང་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། དབུལ་སྐྱོར་ལས་དོན་ལྟ་སྐུལ་དོ་དམ་སྡེ་ཁག་གི་རིམ་པ་ཁག་གིས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ལག་བསྟར་ནན་ཏན་དང་། དབུལ་སྐྱོར་སྲིད་ཇུས་རྣམ་གྲངས་དང་མ་དངུལ་ཐད་ལྷག་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཡོ་བསྲང་བྱས་ཏེ་དབུལ་སྐྱོར་སྲིད་ཇུས་བྱ་ཐབས་གནད་སྨིན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པའི་འགན་ལེན་བྱ་རྒྱུ་དེ་ལས་འགན་གཙང་སྒྲུབ་ཀྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། སྒྲིག་ཁྲིམས་ཀྱི་ལྟ་སྐུལ་དང་། ལྟ་ཞིབ་ཀྱི་ལྟ་སྐུལ། སྐོར་ཞིབ་ཀྱི་ལྟ་སྐུལ། མངགས་སྡོད་ཀྱི་ལྟ་སྐུལ་བཅས་ཀྱི་ལས་འགན་ཨང་དང་པོར་འཇོག་དགོས། བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཆེད་དམིགས་བཅོས་སྐྱོང་སྲ་བརྟན་དང་གཏིང་ཟབ་ཏུ་བཏང་སྟེ། གཙོ་གནད་ལ་དམིགས་ཏེ་རུལ་སུངས་ཀྱི་གནད་དོན་ལ་ཉེས་ཆད་དྲག་པོ་གཅོད་པ་ལས་གུ་ཡངས་མི་གཏོང་ལ། འགན་མི་འཁུར་བ་དང་ལས་དོན་མི་སྒྲུབ་པ། གྲངས་ཀའི་ཐོག་ནས་དབུལ་སྒྲོལ། དབུལ་སྒྲོལ་རྫུན་མ་བཅས་བྱེད་རིགས་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས། དབུལ་ཐར་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས།
    ཀྲུང་གུང་མཚོ་བྱང་ཁུལ་སྒྲིག་ཨུ།
    2020ལོའི་ཟླ6པའི་ཚེས10ཉིན།