དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

བོད་ལྗོངས་ཀྱིས་མཉམ་འབྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ་ངང་དམངས་ཕན་བྱ་བའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་རེད།

སྤེལ་དུས 2020-06-12 ཡོང་ཁུངས། བོད་ལྗོངས་འཕྲིན་དྲ། རྩོམ་པ་པོ།
          གློད་སྡོམ་ཞབས་གསུམ་གྱི་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཛད་ཇུས་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ནས།  རང་ལྗོངས་སུ་མཉམ་འབྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ་གྱི་ལས་དོན་གཏིང་ཟབ་སྤེལ་རྒྱུར་སྐུལ་འདེད་གཏོང་ཆེད།  སྤྱི་ཚེས9ཉིན།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སའི་རིམ་གསུམ་སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་བརྟག་ཞིབ་གནང་བར་ཕེབས་པ་མ་ཟད་ཚོགས་འདུ་གཙོ་སྐྱོང་ཡང་གནང་བ་རེད།  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཧའེ་ཀྲའུ་དང་ཀྲང་ཧུང་པོའོ་བཅས་ཚོགས་འདུར་ཕེབས་ཡོད།
          ཚོགས་འདུའི་ཐོག  ཆེ་དགྲ་ལྷས་ལྗོངས་ཡོངས་སུ་མཉམ་འབྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ་གྱི་ལས་ཀར་གདེང་འཇོག་གང་ལེགས་གནང་བ་དང་སྦྲགས།  རིམ་ཁག་ཚན་པ་ཁག་གིས་སྔོན་ཐོན་ལ་ལྟ་བསྡུར་བྱེད་པ་དང་དམིགས་ཚད་དང་བསྟུན་ནས་ད་ཡོད་མ་ལག་སྦྲེལ་མཐུད་གཏིང་ཟབ་བྱེད་མགྱོགས་སུ་བཏང་སྟེ།  ལྗོངས་ཡོངས་སུ་དྲ་བ་གཅིག་འགྱུར་ཆགས་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་།  ཁེ་ལས་ཀྱི་གྲངས་གཞི་མཉམ་སྤྱོད་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ།  དུས་ཚོད་དང་ལྷུ་ཚིགས།  རྒྱུ་ཆ་སོགས་ལས་རིམ་སྟབས་བདེར་བཏང་སྟེ་ཚན་པ་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དོན་འཁྱོལ་ཡག་པོ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས་པ།  སྲིད་དོན་ཞབས་ཞུའི་ཚོམས་ཆེན་འཁོར་རྒྱུག་ཚད་ལྡན་བཟོས་ཏེ་དྲ་ཐོག་ལས་སྒྲུབ་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ།  བོད་རྒྱ་སྐད་གཉིས་ཀྱི་རིག་ནུས་ཡིག་བསྒྱུར་མ་ལག་བེད་སྤྱོད་ཁྱབ་གདལ་གཏོང་མགྱོགས་སུ་བཏང་ནས་གཞི་རིམ་དུ་ཁྱབ་པ་བྱས་ནས་ཞིང་འབྲོག་མང་ཚོགས་ལ་སྟབས་བདེ་སྐྲུན་དགོས་པ།  མཉམ་འབྲེལ་དྲ་རྒྱ་དང་སྲིད་དོན་ཞབས་ཞུ་ཟུང་འབྲེལ་ཡག་པོ་བྱས་ནས་རང་ལྗོངས་ཀྱི་ཐོན་ལས་གོང་འཕེལ་མཐོར་གཏོང་དང་རིག་ནུས་སྨན་བཅོས།  རིག་ནུས་སློབ་གསོ་བཅས་ལ་རོགས་འདེགས་བྱས་ནས་སྲིད་གཞུང་ཁོངས་གཏོགས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་པ་བཅས་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
          ཆེ་དགྲ་ལྷས་རྩ་འཛུགས་ནས་འགོ་ཁྲིད་རྒྱུར་ཤུགས་སྣོན་རྒྱག་པ་དང་ལས་འགན་ཁ་གསལ་བཟོ་བ།  ལྟ་སྐུལ་ཞིབ་བཤེར་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས་པ་དང་།  ལྷག་པར་དུ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སོགས་གཞི་རྟེན་དུ་བྱས་ཏེ་དྲིལ་བསྒྲགས་བྱེད་སྟངས་གསར་གཏོད་བྱེད་པ་དང་སློབ་གསོ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ།  སྤྱི་ཚོགས་ཀྱི་ཤེས་ཚད་དང་མང་ཚོགས་ཀྱི་མོས་སེམས་དང་ཐེ་ཞུགས་བྱེད་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས་པ་མ་ཟད།  སྟབས་བདེ་ཞིང་ཕན་འབྲས་ཆེ་བའི་ཞབས་ཞུའི་ཐོག་ནས་མི་རིགས་ཁག་གི་མང་ཚོགས་དང་ཁེ་ལས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།  །