དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མིའམ་རྫོང་དཔོན་གཞོན་པ་ཟུར་པ་ཧྥན་ཡོང་ཕིན་གིས་ཁྲིམས་འགལ་ལུགས་འགལ་གྱིས་གནད་དོན་་ཚབས་ཆེན་བཟོས་ནས་ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འཐེན་བྱས།

སྤེལ་དུས 2020-08-25 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
          མཚོ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནས་འབྱོར་བའི་གནས་ཚུལ་ལྟར་ན། མིག་སྔར། ཀྲུང་གུང་མཚོ་ལྷོ་ཁུལ་ཏང་ཨུའི་ཆོག་མཆན་ཐོབ་པ་བརྒྱུད། མཚོ་ལྷོ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གི་ཏང་ཙུའི་ཁོངས་མིའམ་རྫོང་དཔོན་གཞོན་པ་ཟུར་པ་ཧྥན་ཡོང་ཕིན་གྱི་ཁྲིམས་འགལ་ལུགས་འགལ་གྱི་གནད་དོན་ཚབས་ཆེན་ལ་གྱོད་དོན་ཐོ་འགོད་དང་ཞིབ་བཤེར་བརྟག་དཔྱད་བྱས་པ་རེད།
          ཞིབ་བཤེར་བྱས་པ་བརྒྱུད། ཧྥན་ཡོང་ཕིན་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་འགལ་བ་དང་། ཕུགས་བསམ་དང་དད་སེམས་ཤོར་བ། ཐོག་མའི་བསམ་འདུན་དང་འགན་འཁྲི་རྒྱབ་ཏུ་དོར་ནས། ཏང་ལ་བློ་དཀར་གཞུང་དྲང་མིན་པ་དང་། རྩ་འཛུགས་ཀྱིས་བརྟག་དཔྱད་བྱེད་སྐབས་མ་རུང་ཁོག་བཅུག་གིས་རྩ་འཛུགས་ཀྱི་ཞིབ་བཤེར་བྱེད་པར་འགོག་རྒོལ་བྱས་པ། ཀྲུང་དབྱང་གི་གཏན་འཁེལ་བྱས་པའི་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་སྤྱོད་གཙང་གི་སྒྲིག་ཁྲིམས་ལས་འགལ་ནས་སྒྲིག་འགལ་ངང་གཞུང་དངུལ་སྤྱད་དེ་ཉོས་པའི་སྣུམ་ལྡུག་བྱང་བུ་གང་འདོད་དུ་བྱིན་པ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་འགལ་ནས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ་རྣམ་གྲངས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་ཁྲིམས་འགལ་གྱིས་མི་སྒེར་དང་ཀུང་སིའི་རྒྱུ་ནོར་དང་དངོས་ཟོག་བླངས་ནས་མི་གཞན་ལ་ཁེ་ཕན་སྒྲུབ་པ་དང་། ལྐོག་རྔན་ལེན་པ་སོགས་ཀྱི་ཉེས་གསོག་གི་དོགས་གཞི་ཡོད།
          ཧྥན་ཡོང་ཕིན་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ཆ་ནས་ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཀྲུང་དབྱང་གི་གཏན་འཁེལ་བྱས་པའི་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། སྤྱོད་གཙང་སྒྲིག་ཁྲིམས་བཅས་དང་འགལ་བས། ལས་གནས་ཐོག་ཁྲིམས་འགལ་ཚབས་ཆེན་བྱུང་བར་མ་ཟད་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ད་དུང་ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་འཛུགས་སྐྱོང་བྱེད་པའི་གནས་ཚུལ་འོག་རང་ཚོད་མི་འཛིན་པ་དང་མཚམས་མི་འཇོག་པས། ངོ་བོ་ཚབས་ཆེན་ཡིན་པ། ཤུགས་རྐྱེན་ངན་པ་བཟོས་ཡོད་པས་ཐག་གཅོད་ནན་མོ་བྱེད་དགོས་པ་དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ལས་མི་སྣའི་སྲིད་དོན་ཐག་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་ལྟར། ཀྲུང་གུང་མཚོ་ལྷོ་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་གྲོས་ཚོགས་སྟེང་ཞིབ་འཇུག་བྱས་པ་དང་། ཀྲུང་གུང་མཚོ་ལྷོ་ཁུལ་ཏང་ཨུ་ལ་ཡར་ཞུ་བྱས་ནས་ཆོག་མཆན་བཀོད་པ་བརྒྱུད། ཧྥན་ཡོང་ཕིན་ཏང་ཁོངས་ནས་ཕྱིར་ཕུད་པའི་ཆད་པ་བཅད་པ་དང་། མཚོ་ལྷོ་ཁུལ་ལྟ་ཞིབ་ཨུ་ལྷན་གྱིས་གཞུང་གི་ལས་གནས་ནས་ཕྱིར་ཕུད་པའི་ཆད་པ་བཅད། དེའི་སྒྲིག་འགལ་ཁྲིམས་འགལ་གྱི་རྒྱུ་དངོས་གཞུང་བཞེས་བྱ་རྒྱུ་ཡིན་པ་དང་། ཉེས་གསོག་གི་དོགས་གཞི་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཞུ་གཏུག་བྱ་རྒྱུར་སྤྲད་ནས་དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་གྱོད་གཞི་དང་མཉམ་དུ་སྐྱེལ་སྤྲོད་བྱས་ཡོད།
          ཧྥན་ཡོང་ཕིན་ངོ་སྤྲོད་མདོར་བསྡུས།
          ཧྥན་ཡོང་ཕིན། མོ། རྒྱ་རིགས། 1971ལོའི་ཟླ2པར་སྐྱེས། མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་གི་མི་ཡིན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་ཆེན་བསླབ་གནས། 1992ལོའི་ཟླ7པར་བྱ་བར་ཞུགས།1994ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།
          1992ལོའི་ཟླ7པ་ནས1995ལོའི་ཟླ3པའི་བར། ཁྲི་ཀ་རྫོང་ཆུ་ནུབ་ཞང་ཞིང་ལས་ཚན་རྩལ་ས་ཚིགས་ཀྱི་ལག་རྩལ་པའི་འགན་ཁུར།
          1995ལོའི་ཟླ3པ་ནས2000ལོའི་ཟླ1བོའི་བར། ཁྲི་ཀ་རྫོང་ཚན་རྩལ་ཨུ་ལྷན་ནུས་རྒྱུ་ས་ཚིགས་ཀྱི་ལག་རྩལ་པའི་འགན་ཁུར།
          2000ལོའི་ཟླ1བོ་ནས2002ལོའི་ཟླ2པའི་བར། ཁྲི་ཀ་རྫོང་ཨུ་རྩ་འཛུགས་པུའུ་ཡི་ཁའོ་ཡོན་གྱི་འགན་ཁུར།
          2002ལོའི་ཟླ2པ་ནས2003ལོའི་ཟླ10བའི་བར། ཁྲི་ཀ་རྫོང་ལྷ་ཁང་ཐང་ཞང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། སྒྲིག་ཨུའི་ཧྲུའུ་ཅིའི་འགན་ཁུར།
          2003ལོའི་ཟླ10བ་ནས2005ལོའི་ཟླ12པའི་བར། ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་མི་དམངས་སྲིད་གཞུང་གི་གྲོང་གཙོ་གཞོན་པའི་འགན་ཁུར།
          2005ལོའི་ཟླ12པ་ནས2011ལོའི་ཟླ11པའི་བར། ཁྲི་ཀ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞིའི་འགན་ཁུར།
          2011ལོའི་ཟླ11པ་ནས2016ལོའི་ཟླ10བའི་བར། ཁྲི་ཀ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གི་འགན་ཁུར། 
          2016ལོའི་ཟླ10བ་ནས་ད་བར། ཁྲི་ཀ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པའི་འགན་ཁུར།