དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ལྷ་སས་སྒོར་ཁྲི་134རི་བའི་ཐ་མག་རྫུན་མ་མེད་པར་བཟོས་འདུག

སྤེལ་དུས 2020-09-01 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།

          ཚེས་29ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་དང་མཉམ་དུ་མི་དམངས་ཤོག་སྒོར་ཁྲི་134རི་བའི་ཐ་མག་རྫུན་མ་གཅིག་སྡུད་ཐོག་མེད་པར་བཟོས་འདུག

          ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དཔལ་འབྱོར་མྱུལ་ཞིབ་ཉིང་ལག་རུ་ཁག་རུ་ཆེན་ལྔ་པའི་རུ་དཔོན་ཝུའུ་ཅང་ཧོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་དག་ནི་2018ལོའི་ཟླ་དང་པོའི་ཟླ་སྟོད་ནས་2019ལོའི་ཟླ་12པའི་ཟླ་མཇུག་བར་རྩད་ཆོད་པའི་ཐ་མག་རྗུན་མ་ཤ་སྟག་རེད། ཐ་མག་རྫུན་མ་ཚོང་ས་ཁག་གཅིག་མེད་པར་བཟོས་པ་དང་ཁྲིམས་འགལ་ཉེས་གསོག་པ་4ལ་ཁྲིམས་ལྟར་དུས་བཀག་བཙོན་འཇུག་ལོ་5བྱས་པ་རེད།

          ལྷ་ས་གྲོང་ཁྱེར་རྡོ་ཐ་ཆེད་ཚོང་ཅུས་གྱོད་གཞི་ཞིབ་གཅོད་ཁང་གི་འགན་འཁུར་བ་རྣམ་རྒྱལ་གྱིས་ད་ཐེངས་ཀྱི་ཐ་མག་རྫུན་མ་མང་ཆེ་བ་ཁྲོམ་རའི་སིལ་ཚོང་དང་མྱུར་སྐྱེལ་བསྐུར་མ་ནས་རྩད་ཆོད་པ་ཤ་སྟག་ཡིན་ཞིང་། འདི་དག་རྒྱལ་ཁབ་འབྲེལ་ཡོད་སྡེ་ཚན་གྱི་ཆེད་ལས་མི་སྣས་གསལ་འབྱེད་བྱས་པ་བརྒྱུད་ཐ་མག་རྫུན་མ་ཡིན་པ་གཏན་འཁེལ་བྱས་པ་རེད་ཅེས་བཤད།

          དེ་སྔ་ཐ་མག་རྫུན་མ་ཚང་མ་མེ་བསྲེགས་གཏོང་གི་ཡོད་མོད། ཡིན་ནའང་། ཁོར་ཡུག་ལ་གནོད་པ་ཆེ་བས། ད་ཐེངས་རྩད་ཆོད་པའི་ཐ་མག་རྫུན་མ་ཚང་མ་ཁེ་ལས་ལ་བསྐྱལ་ནས་གནོད་མེད་ཐག་གཅོད་བྱས་པ་རེད།