དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ནག་ཆུས་རུལ་སུངས་དང་སྤྱོད་ཚུལ་ངན་པའི་གྱོད་གཞི་བརྡ་ཁྱབ་བཏང་འདུག

སྤེལ་དུས 2020-10-21 ཡོང་ཁུངས། རྩོམ་པ་པོ།
          དབུལ་སྐྱོར་ཁྱབ་ཁོངས་ནང་གི་སྤྱོད་ཚུལ་ངན་པ་བཅོས་སྒྲིག་བྱ་ཆེད་དང་།  སྔར་ལས་ལྷག་པའི་སྒོ་ནས་ཉེན་བརྡའི་སློབ་གསོ་དྲག་ཏུ་གཏོང་བ།  གྱོད་གཞིར་གཞིགས་ནས་བསྒྱུར་བཅོས་གཏོང་རྒྱུར་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱ་ཆེད།  ད་ཆ་དབུལ་སྐྱོར་ཁྱབ་ཁོངས་ཁྲོད་ཀྱི་རུལ་སུངས་དང་སྤྱོད་ཚུལ་ངན་པའི་དཔེར་མཚོན་གྱི་གྱོད་དཔེ་བརྡ་ཁྱབ་གཏོང་རྒྱུ་གཤམ་གསལ།        ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཁྲ་འདམ་ཤང་གྲོང་ཚོ་༢པའི་ཏང་ཀྲེ་པུའི་དེ་སྔའི་ཧྲུའུ་ཅི་སྐལ་བཟང་གིས་ལས་གནས་ཐོག་གི་སྟབས་བདེ་སྤྱད་ནས་གྲོང་ཚོ་རིམ་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཁེ་སྤོགས་ཧམ་བཟུང་བྱས་པའི་གནད་དོན།  
          སྤྱི་ལོ་༢༠༡༩ལོའི་ཟླ་༤པར།  སྙན་རོང་རྫོང་ཁྲ་འདམ་ཤང་ལ་དབུལ་སྐྱོར་ཚོང་ཁང་བོགས་མར་གཏོང་རྒྱུའི་ལས་དོན་སྤེལ་བ་དང་།  སྐལ་བཟང་གིས་གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ལས་དོན་མི་སྣ་སྒྲིག་འཛུགས་བྱས་ནས་ཚོགས་འདུ་འཚོགས་ནས་དབུལ་སྐྱོར་ཚོང་ཁང་གི་ཚོང་གཉེར་བྱེད་དབང་ཐོབ་ཡོད།  དེའི་རིང་སྐལ་བཟང་གི་ལས་གནས་ཐོག་གི་སྟབས་བདེ་བེད་སྤྱད་ནས་ཁྲིམས་འགལ་ཐོག་དབུལ་སྐྱོར་ཚོང་ཁང་ནས་བྱུང་བའི་ཁང་གླ་སྒོར་ཁྲི་༥.༤༡ཁྲིམས་འགལ་ཐོག་ཧམ་བཟུང་བྱས་པས་མང་ཚོགས་ཀྱི་ཁྲོད་དུ་བག་ཆགས་ངན་པ་བཞག་ཡོད།    སྤྱི་ལོ་༢༠༢༠ལོའི་ཟླ་༦པར།  སྐལ་བཟང་ཏང་གི་སྐྱིད་སྡུག་ནས་ཕྱིར་ཕུད་བྱས་པ་དང་།  ཉེས་གསོག་དོགས་ཡོད་ཀྱི་ཁུངས་སྣེ་དག་ཁྲིམས་འཛིན་ལས་ཁུངས་སུ་བསྐྱལ་ཡོད་པ་རེད།    
          ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྟག་གསར་ཤང་གསར་མདོ་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་དངོས་གྲུབ་རྒྱ་མཚོས་ལས་གནས་ཐོག་གི་སྟབས་བདེ་སྤྱད་དེ་དམངས་ཕན་མ་དངུལ་བེད་སྤྱད་ནས་རང་ཁྱིམ་ལ་སྒོ་ཕྱུགས་ཉོས་པའི་གནད་དོན།   
          སྤྱི་ལོ་༢༠༡༥ནས་སྤྱི་༢༠༡༨བར།  གསེར་རྙེད་ཆུས་སྟག་གསར་ཤང་གསར་མདོ་གྲོང་ཚོའི་ཏང་ཀྲེ་པུའུ་ཧྲུའུ་ཅི་དངོས་གྲུབ་རྒྱ་མཚོས་རྩྭ་རའི་ཁ་གསབ་མ་དངུལ་སྒོ་ཁྲི་༢.༣༡དོ་དམ་བྱེད་རིང་།  དེའི་ནང་གི་སྒོར་༥༠༠གྲོང་ཚོའི་ལས་དོན་ཁྲོད་བཏང་ཡོད་པ་རེད།  སྤྱི་ལོ་༢༠༡༨ལོའི་ལོ་སྟོད་དུ་དངོས་གྲུབ་རྒྱ་མཚོས་དོ་དམ་བྱེད་བཞིན་པའི་རྩྭ་རའི་ཁ་གསབ་དངུལ་ལྷག་མ་སྒོ་ཁྲི་༢.༢༦བེད་སྤྱད་ནས་རང་ཁྱིམ་ལ་སྒོ་ཕྱུགས་ཉོས་པ་རེད།  སྤྱི་ལོ་༢༠༢༠ལོའི་ཟླ་༧པར་སྒྲིག་འགལ་ཐོག་བེད་སྤྱད་པའི་དངུལ་ཕྱིར་སྤྲོད་བྱས་པ་དང་།  སྤྱི་ལོ་༢༠༢༠ལོའི་ཟླ་༨པར་དངོས་གྲུབ་རྒྱ་མཚོར་ཏང་ནང་ཁོངས་ཀྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་རེད།  
          ཨ་མདོ་རྫོང་རྐང་གཉིས་ཤང་མཉམ་ལས་ཁང་གི་དེ་སྔའི་ལས་འཛིན་སྤྱི་འདོམས་གཞོན་པ་ཆོས་གྲགས་ཀྱིས་ལས་གནས་ཐོག་གི་སྟབས་བདེ་སྤྱད་དེ་རྫུན་བཟོ་དང་། མགོ་སྐོར་གཡོག་པའི་ཐབས་ཤེས་སྤྱད་དེ་གྲོང་ཚོ་རིམ་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མ་དངུལ་སྒེར་སྤྱོད་བྱས་པས་དང་།  ལས་འཛིན་སྤྱི་འདོམས་བཀྲ་ཟླས་ལྟ་འདོམས་འགན་འཁྲི་ཡག་པོ་འཁུར་མེད་པའི་གནད་དོན།  
          སྤྱི་ལོ་༢༠༡༦ལོར།  ཨ་མདོ་རྫོང་རྐང་གཉིས་ཤང་གི་ཆོས་གྲགས་ཀྱིས་སྔ་རྗེས་སུ་མཉམ་ལས་ཁང་ལ་རླངས་འཁོར་ཉམས་བཟོ་དང་སྣུམ་ཉོས་པ་སོགས་ཀྱི་གྲོན་དངུལ་རྫུན་བཟོ་བྱས་ནས་བཏང་ཡོད་པ་དང་།  རྫུན་བཟོ་བྱས་ནས་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནས་སྒོར་༤༠༤༨བླངས་པའི་དཔང་རྟགས་ཡོད་པ་དང་།  རང་ཉིད་ཀྱི་དོ་དམ་བྱེད་པའི་མཉམ་ལས་ཁང་གི་མ་དངུལ་ལྷག་མ་སྒོར་༨༣༥སྒེར་སྤྱོད་བྱས་པ་རེད།   བཀྲ་ཟླ་ནི་མཉམ་ལས་ཁང་གི་འགན་འཁུར་མི་སྣ་གཙོ་བོ་ཡིན་པའི་ངོས་ནས་གྲོང་ཚོ་རིམ་པའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ནོར་དོན་དོ་དམ་ཟང་ཟིང་ཡིན་པའི་གནད་དོན་དང་། ཆོས་གྲགས་ཀྱིས་རྫུན་བཟོ་བྱས་ནས་མཉམ་ལས་ཁང་གི་མ་དངུལ་སྒེར་སྤྱོད་བྱས་པའི་གནད་དོན་གྱི་འགན་འཁྲི་གཙོ་བོ་འཁུར་དགོས་ཀྱི་ཡོད།  བཀྲ་ཟླ་དང་ཆོས་གྲགས་ལ་དེ་མིན་གྱི་སྒྲིག་འགལ་གནད་ཡོད་པ་རེད།   སྤྱི་ལོ་༢༠༢༠ལོའི་ཟླ་༨པར།  བཀྲ་ཟླ་ལ་ཏང་ནང་ཁོངས་ཀྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ་དང་།  ཆོས་གྲགས་ལ་ཏང་ནང་ཁོངས་ཀྱི་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་བཅད་པ།  སྒྲིག་འགལ་ཁྲིམས་འགལ་གྱི་མ་དངུལ་རྣམས་མཉམ་ལས་ཁང་ལ་ཕྱིར་སྤྲོད་བྱས་པ་རེད།   
          གོང་གསལ་དཔེར་བརྗོད་གསུམ་ལས།  རང་གྲོང་ཁྱེར་གྱི་གཞི་རིམ་གྲོང་ཚོར་ད་དུང་མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པ་བཟོ་བའི་གནད་དོན་ཡོད་པ་མངོན་ཡོད།  གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ།  འདུ་ཤེས་བཞི་སྲ་བརྟན་དུ་བཏང་ནས། རང་འགུལ་གྱིས་ཆབ་སྲིད་གནས་ཚད་གོང་མཐོར་གཏོང་བ། གཙོ་བོའི་འགན་འཁྲི་ཁུར་བ་བཅས་བྱས་ནས་དབུལ་སྐྱོར་སྲིད་ཇུས་ཀྱི་མ་དངུལ་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་ཡོངས་ལ་དམིགས་ཏེ།  གནད་དོན་གྱི་འགག་རྩར་གཞིགས་ནས་བྱ་ཐབས་ནུས་ལྡན་སྤྱད་དེ་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་གཏན་འགོག་བྱེད་དགོས། རིམ་ཁག་སྒྲིག་བཤེར་ལྟ་བཤེར་ལས་ཁུངས་ཀྱིས་ལྷོད་གཡེང་སྤུ་ཙམ་མེད་པའི་སྒོ་ནས་ཆེད་དོན་བཅོས་སྒྲིག་གཏིང་ཟབ་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་འབུར་ཐོན་ཡོང་བར་བྱས་ཏེ།  ལྐོག་ཟ་གཞན་སྤྱོད་སོགས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྒྲིག་ཁྲིམས་ཀྱི་འགན་ལེན་ནུས་ལྡན་མཁོ་འདོན་བྱེད་དགོས།