དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

གཟའ་འཁོར་གོང་མར་ཞིབ་བཤེར་བྱས་པའི་དཔོན་རིགས་ཀྱི་གྲངས་ཚད་ནི་་་

སྤེལ་དུས 2020-10-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          གཟའ་འཁོར་གོང་མར་ཀྲུང་དབྱང་དང་། ཞིང་ཆེན། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་སོ་སོའི་སྒྲིག་ཨུད་ལྟ་ཞིབ་ཨུ་ཡོན་ལྷན་གྱིས་མུ་མཐུད་དེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད། 
          མཐོ་རིམ་དཔོན་རིགས་ངོས་ནས་བཤད་ན། ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ གཟའ་མཇུག་ལ་ངལ་གསོ་མ་བརྒྱབ་པར། སྤྱི་ཚེས་24ཉིན་གྱི་དགོང་མོའི་ཆུ་ཚོད་8པར་ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་ཐོག་ཏུ་གནས་ཚུལ་ཡོངས་བསྒྲགས་བྱས་པ་ལྟར་ན། ཅང་སུའུ་ཞིང་ཆེན་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལི་ཁོ་(王立科)ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། རང་འགུལ་ངང་ནག་ཉེས་ངོས་ལེན་ཡར་ཞུ་བྱས་ཏེ་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱས་ཡོད་པ་རེད།
          ཞིང་ཆེན་གྱིས་ལས་བྱེད་པར་དོ་དམ་བྱེད་པའི་ཕྱོགས་ནས་བཤད་ན། རྒྱལ་ཡོངས་ཁྱབ་ཁོངས་ནང་། བྱང་ཕྱོགས་ཧེ་ལུང་ཅང་བར་དང་། ལྷོ་ཕྱོགས་སུ་གོང་ཏུང་བར། ནུབ་ཕྱོགས་ཀན་སུའུ་བར། ཤར་ཕྱོགས་ཀྲེ་ཅང་བཅས་བར་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་16གི་སྒྲིག་ཨུད་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པ་མི་20ལ་ཞིབ་བཤེར་བྱས་པའི་གནས་ཚུལ་ཡོངས་བསྒྲགས་བྱས་ཡོད།
          གཟའ་འཁོར་གོང་མའི་གཟའ་མཇུག་ཏུ་ད་ལོའི་མཐོ་རིམ་དཔོན་པོ་ཨང་བཅུ་བདུན་པར་ཞིབ་བཤེར་བྱས་པ།
          སྤྱི་ཚེས་24ཉིན་གྱི་དགོང་མོ། འདི་ལོའི་མཐོ་རིམ་དཔོན་རིགས་ཨང་བཅུ་བདུན་པ་དང་། ཟླ་འདིའི་མཐོ་རིམ་དཔོན་རིགས་ཨང་གསུམ་པ་སྟེ་ཅང་སུའུ་ཞིང་ཆེན་ཏང་ཨུད་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལི་ཁོ་ལ་ཞིབ་བཤེར་བྱས་ཡོད། ཁོ་ནི་མཚོ་སྔོན་ཞིང་ཆེན་གྱི་འགོ་འཛིན་གཞོན་པ་ཝུན་གོ་ཏུང་(文国栋)གི་རྗེས་སུ། ད་ལོར་རང་ཉེས་ངོས་ལེན་བྱེད་མཁན་གྱི་མཐོ་རིམ་དཔོན་པོ་ཨང་གཉིས་པ་དེ་རེད། ཅང་སུའུ་ཞིང་ཆེན་ས་གནས་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་འགུལ་ངང་རང་ཉེས་ངོས་ལེན་བྱས་པའི་ཉིན་གཉིས་ཀྱི་གོང་སྟེ་སྤྱི་ཟླ་10ཚེས་22ཉིན་ཝང་ལི་ཁོ་ད་དུང་ནན་ཅིང་དུ་ཉིན་དེ་རང་དུ་སྐོང་ཚོགས་བྱས་པའི་ཞིང་ཆེན་ཡོངས་ཀྱི་དམག་ཁོངས་ལས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་ཀྱང་སྤེལ་ཡོད་པ་རེད། 
          ལོ་འདི་ཚུན་དུ་ཐིང་རིམ་པའི་དཔོན་རིགས་ཞིབ་བཤེར་བྱེད་གྲངས་ཆེས་མང་བའི་གཟའ་འཁོར་གཅིག
          མཐོ་རིམ་དཔོན་རིགས་ལ་རྡུང་རྡེག་བཏང་བ་མ་ཟད་ད་དུང་གཟའ་འཁོར་གོང་མར་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པ་མི་ཉུ་ཤུར་ཞིབ་བཤེར་བྱས་པ་རེད།
          བསྡོམས་རྩིས་བརྒྱབ་ནས་ཤེས་གསལ། གཟའ་འཁོར་གོང་མ་ནི་ད་ལོར་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པར་ཞིབ་བཤེར་བྱེད་གྲངས་ཆེས་མང་བའི་གཟའ་འཁོར་གཅིག་ཡིན། གཟའ་ཕུར་བུ་(སྤྱི་ཟླ་10ཚེས་22)དང་གཟའ་པ་སངས་(སྤྱི་ཟླ་10ཚེས་23)ཉིན་གཉིས་ལ།  ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པ་མི་དྲུག་གི་གོ་གནས་འཐེན་པ་དང་། ཉིན་འདི་གཉིས་ནི་ད་ལོར་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པར་ཞིབ་བཤེར་བྱེད་གྲངས་ཆེས་མང་བའི་ཉིན་གཉིས་སུ་གྱུར་ཡོད།
          རང་འགུལ་ངང་རང་ཉེས་ངོས་ལེན་བྱས་པའི་དཔོན་རིགས་མང་པོ་ཞིག་ནི་སྲིད་ཁྲིམས་ཁོངས་གཏོགས་ནས་ཡིན་པ་རེད།
          ལས་འཁྱུར་ངལ་གསོ་བྱས་ཟིན་པའི་ལས་བྱེད་པ་མང་པོ་དང་རྫོང་དང་གྲོང་ཁྱེར་གྱི་༼གཙོ་འགན་འཁུར་མཁན་༽ཕུད། གཟའ་འཁོར་འདིར་ད་དུང་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པ་མི་དྲུག་གིས་ཝང་ལི་ཁོ་དང་འདྲ་བར་རང་འགུལ་ངང་རང་ཉེས་ངོས་ལེན་ཞུས་པ་རེད། རང་འགུལ་གྱིས་རང་ཉེས་ངོས་ལེན་ཞུས་པའི་ཞིང་ཆེན་གྱིས་དོ་དམ་བྱེད་པའི་ལས་བྱེད་པ་མི་དྲུག་པོ་དེའི་ཁྲོད། ཀྲོའུ་ཡིང་ཧྲུའུ་(周映枢)དང་ཁྲེན་ཁྲང་། (陈昌)ཁྲེན་མིང་ཧྭ་(陈明华)བཅས་ནི་ཝང་ལི་ཁོ་དང་འདྲ་བར་སྲིད་ཁྲིམས་ཁོངས་གཏོགས་ཀྱི་ལས་བྱེད་པ་ཡིན་ཞིང་ཚང་མ་ལས་གནས་ཡོད་བཞིན་དུ་རང་ཉེས་ངོས་ལེན་བྱས་པ་ཞིག་རེད།
          ཉེ་ཆར། རྒྱལ་ཡོངས་སྲིད་ཁྲིམས་ཁོངས་གཏོགས་ཀྱི་མི་མང་པོས་རང་འགུལ་ངང་རང་ཉེས་ངོས་ལེན་ཞུ་བའི་རྒྱབ་ལྗོངས་ཆེན་པོ་ནི། ཟླ་བ་གསུམ་ལྷག་ཙམ་རིང་དུ་རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་ཁོངས་སུ་སློབ་གསོ་དག་ཐེར་བྱས་པ་དེ་རེད།
          གཞི་གྲངས་ལས་མངོན་པ་ལྟར་ན། སྤྱི་ཟླ་10ཚེས་7ཉིན་བར། ཚོད་ལྟའི་ས་ཁུལ་དུ་སྲིད་ཁྲིམས་ལས་བྱེད་པ་དང་ཉེན་རྟོག་པ་མི་1546གིས་རང་འགུལ་ངང་རྩ་འཛུགས་ལ་གནད་དོན་གསལ་བཤད་དམ་རང་ཉེས་ངོས་ལེན་ཞུས་ནས་མི་373ལ་གྱོད་དོན་ཐོ་འགོད་ཞིབ་བཤེར་བྱས་ཡོད་པ་དང་མི་1040ལ་ཆད་པ་བཅད་ཡོད།
          སྤྱི་ཚེས་25ཉིན་ནས་བརྩིས་ན། རྒྱལ་ཡོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་ཚོད་ལྟའི་ལས་དོན་མཇུག་འགྲིལ་བར་ད་དུང་ཉིན་6ཡོད་པ་དང་། སྔོན་དཔག་བྱས་ན་ད་དུང་སྲིད་ཁྲིམས་ཁོངས་གཏོགས་སུ་རང་འགུལ་ངང་རང་ཉེས་ངོས་ལེན་ཞུ་མཁན་དཔོན་རིགས་ཡོད་སྲིད་པ་རེད།