དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

བདལ་གཏོང་རླངས་འཁོར་གྱི་བྱེད་སྤྱོད་འདི་རིགས་ཐེར་འདོན་བྱ་ཆོག

སྤེལ་དུས 2020-11-03 ཡོང་ཁུངས། ཁྲིམས་གསལ་མེ་ལོང་། རྩོམ་པ་པོ།
          ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་ནས་ཤེས་རྟོགས་བྱུང་བར། ཉིང་ལག་རུ་ཁག་དེས་ཉིན་ལྟར་བདལ་གཏོང་རླངས་འཁོར་300ཙམ་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་དང་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བའི་ཞབས་ཞུ་ཡག་པོ་ཡོད་མེད་ལ་ཞིབ་བཤེར་བྱེད་པ་དང་ཆབས་ཅིག གཙོ་བོ་བདལ་གླ་མཐོ་པོ་ལེན་པ་དང་། བདལ་གླ་སྒྲིག་པ། འགྲུལ་པ་མི་བླུགས་པ། འགྲུལ་པ་ཟླ་བསྒྲིལ་ནས་བླུགས་པ། འགྲུལ་པ་བསྐྱུར་བ། འགྲུལ་པ་འདེམས་པ་སོགས་སྒྲིག་འགལ་གཉེར་སྐྱོང་གི་བྱེད་སྤྱོད་ལ་ཞིབ་བཤེར་ནན་པོ་བྱས་ཏེ། བདལ་གཏོང་རླངས་འཁོར་གཉེར་སྐྱོང་ཚད་དང་མཐུན་པ་བཟོ་ཡི་ཡོད། གལ་ཏེ་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བས་ལམ་བར་དུ་འགྲུལ་པ་བསྐྱུར་ཚེ། ཁྲིམས་འཛིན་མི་སྣས་ཁ་ལོ་བའི་གཉེར་སྐྱོང་ལག་ཁྱེར་དང་ཐོབ་ཐང་ལག་ཁྱེར་གནས་སྐབས་ཉར་གྱི་ཡོད་པ་མ་ཟད།《ལྷ་ས་གྲོང་ཁྱེར་གྱི་བདལ་གཏོང་རླངས་འཁོར་དོ་དམ་བྱ་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྒོར3000ནས5000བར་གྱི་དངུལ་ཆད་གཏོང་རྒྱུ་རེད།
          ང་ཚོའི་ཚོགས་ཆུང་གི་ཁྲིམས་འཛིན་མི་སྣས་ཉིན་ལྟར་ཉང་བྲན་ལམ་དང་། སེ་ར་ལམ། གྲྭ་བཞི་ལམ་སོགས་སུ་བསྐྱོད་ནས་བདལ་གཏོང་རླངས་འཁོར་གྱིས་དུས་ཚོད་མ་བཀག་པ་དང་། འགྲུལ་པ་ཟླ་བསྒྲིལ་ནས་བླུགས་པ། བདལ་གླ་སྒྲིག་པ། འགྲུལ་པ་མི་བླུགས་པ་སོགས་སྒྲིག་འགལ་གཉེར་སྐྱོང་གི་བྱེད་སྤྱོད་ལ་ཞིབ་བཤེར་བྱེད་ཀྱི་ཡོད།  ད་ཐེངས་ཀྱི་བཅོས་སྒྲིག་བྱས་པ་བརྒྱུད། བདལ་གཏོང་རླངས་འཁོར་ལ་འགྲུལ་པ་མི་བླུགས་པ་དང་དུས་ཚོད་མ་བཀག་པ་སོགས་ཀྱི་སྒྲིག་འགལ་གཉེར་སྐྱོང་གི་བྱེད་སྤྱོད་ཉུང་དུ་མངོན་གསལ་དོད་པོ་ཕྱིན་ཡོད། མིག་སྔར། ཉིང་ལག་རུ་ཁག་གིས་ཆ་སྙོམས་ཉིན་རེར་བདལ་གཏོང་རླངས་འཁོར300ལྷག་ཙམ་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་དང་། སྐྱོན་བརྗོད་དང་སློབ་གསོ་གཙོ་བོར་འཛིན་པ་དང་། ཆད་པ་གཅོད་རྒྱུ་ཕལ་པར་འཛིན་པའི་བྱེད་ཐབས་སྤྱོད་ཀྱི་ཡོད་ཅེས་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་གི་ཁྲིམས་འཛིན་མི་སྣས་ངོ་སྤྲོད་བྱས།

          ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་ཚོས་ཞིབ་བཤེར་ཚོགས་ཆུང་མང་པོ་བཙུགས་ནས། མངོན་ཞིབ་ལྐོག་བཤེར་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས། དུས་ཚོད་དང་ས་གནས་གཏན་འཁེལ་མེད་པར་གྲོང་ཁྱེར་ཡོངས་ཀྱི་བདལ་གཏོང་རླངས་འཁོར་གྱི་གཉེར་སྐྱོང་སྒྲིག་ལམ་དང་ཞབས་ཞུ་ཚད་ལྡན་ཡིན་མིན་ཐད་ཁྲིམས་འཛིན་ཞིབ་བཤེར་བྱེད་ཀྱི་ཡོད། བཅོས་སྒྲིག་བྱ་སྤྱོད་དེ་ད་ལོའི་ལོ་མཇུག་བར་སྤེལ་རྒྱུ་ཡིན་པ་རེད།
          ཤ་ཚའི་དྲན་སྐུལ།
          ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་ལས་གཉེར་ཚོམས་ཆེན་གྱི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། གལ་ཏེ་རྒྱ་ཆེའི་འགྲུལ་པར་བདལ་གཏོང་རླངས་འཁོར་གྱིས་འགྲུལ་པ་ཟླ་སྒྲིལ་བཏང་ནས་བླུགས་པ་དང་། འགྲུལ་པ་མི་བླུགས་པ། དུས་ཚོད་མ་བཀག་པ་སོགས་སྒྲིག་འགལ་གཉེར་སྐྱོང་གི་བྱེད་སྤྱོད་འཕྲད་ཚེ0891-96123ལ་ཁ་པར་བརྒྱབ་ནས་ཐེར་འདོན་བྱེད་ཆོག
          གལ་ཏེ་འགྲུལ་པ་བདལ་གཏོང་རླངས་འཁོར་ལ་སྡོད་སྐབས། གཟབ་གཟབ་མ་བྱས་པའི་རྐྱེན་གྱིས་རླངས་འཁོར་ནང་ཅ་དངོས་ལུས་ཚེ། བདལ་གཏོང་རླངས་འཁོར་གྱི་ཀུང་སིའི་བོར་དངོས་ལེན་སའི་ཁ་པར6520316བརྒྱབ་ནས་བློ་འདྲི་བྱེད་ཆོག