དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

“འགྲིག་མ་སོང་། ཕལ་ཆེར་བྱིས་པ་བསླུ་འཚོང་བྱེད་མཁན་ཡིན་སྲིད།”

སྤེལ་དུས 2021-01-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
ཉེ་ཆར།
ཀྲེ་ཅང་ཐའེ་ཀྲོའུ་ཡི་སྐྱེས་པ་ཞིག
ལམ་འགྲོ་བས་བྱིས་པ་བསླུ་འཚོང་བྱེད་མཁན་རེད་ཅེས་ཉེན་རྟོག་པར་གཏུགས།
དེའི་རྒྱུ་མཚན་ཅི་ཞིག་ཡིན་ནམ།

སུན་ལགས་ནི་ཀྲེ་ཅང་ཐའེ་ཀྲོའུ་ཡི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཞིག་ཡིན།
ཉིན་ཞིག་གི་ཉིན་གུང་།
ཁོང་གིས་ནམ་རྒྱུན་དང་འདྲ་བར་རླངས་འཁོར་གཏོང་བཞིན་ཡོད།
ལམ་ག་གེ་མོར་བརྒྱུད་སྐབས།
ཁོང་ལ་བློ་མི་བདེ་བའི་རྣམ་པ་ཞིག་མཐོང་།

བྱིས་པ་ཞིག་རླངས་འཁོར་བགྲོད་ལམ་ཐོག་ཏུ་ཡོད་ཅིང་།
ཟོག་འདྲེན་རླངས་འཁོར་ཞིག་བྱིས་པའི་འགྲམ་དུ་སླེབས་རྗེས།
གློ་བུར་དུ་བསྡད་བྱུང་།

དེ་ནས་སྐྱེས་པ་ཞིག་རླངས་འཁོར་ལས་མར་བབས་ཏེ།
བྱིས་པ་དེ་རླངས་འཁོར་ནང་དུ་བཞག
“འགྲིག་མ་སོང་། ཕལ་ཆེར་བྱིས་པ་བསླུ་འཚོང་བྱེད་མཁན་ཡིན་སྲིད།”
སུན་ལགས་རླངས་འཁོར་གྱི་རྗེས་སུ་འབྲང་བཞིན་སེམས་ལ་ཐེ་ཚོམ་སྐྱེས།
བསམ་བློ་བཞི་གསུམ་བཅུ་གཉིས་བཏང་རྗེས་ལམ་སེང་རླངས་འཁོར་བསྡད་ནས110ལ་ཁ་པར་བཏང་།
“བློ་མཐུན་ཉེན་རྟོག་པ་ལགས། མི་ཞིག་གིས་བྱིས་པ་ཞིག་བསླུ་ཚོང་བྱས་པ་འདྲ་ཞེས་བཤད།

ཟོག་འདྲེན་རླངས་འཁོར་དེ་ཧ་ཅང་མགྱོགས་པས།
ངས་འཁོར་རྟགས་གསལ་པོ་མཐོང་མ་སོང་ཡང་།
ངའི་རླངས་འཁོར་གྱི་ལམ་བར་ཐོ་འགོད་ཡོ་ཆས་ཀྱིས་པར་བརྒྱབ་ཡོད་ངེས་རེད།
ཁྱེད་ཚོས་མྱུར་དུ་བལྟ་རོགས་མཁྱེན”ཞེས་ཞུས།
 
མི་དམངས་ཉེན་རྟོག་པས་ཉེན་བརྡ་འབྱོར་རྗེས།
གང་མགྱོགས་ཀྱིས་ཐོ་འགོད་ཡོ་ཆས་ལས་བརྙན་བླངས་ཏེ།
ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དེ་རྙེད་བྱུང་།
ཞིབ་བསྡུར་ཞིག་བྱས་རྗེས།
མ་གཞི་ནི་གོ་འཛོལ་ཐེངས་གཅིག་རེད།
ཕུ་བོ་ཀྲུའུ་ལགས་ནི་སུན་ལགས་ཀྱིས་བཤད་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དེ་རེད།

ཉིན་དེའི་ཉིན་གུང་།
ཕུ་བོ་ཀྲུའུ་ལགས་ཀྱིས་རླངས་འཁོར་བསྐོར་ནས་ཡུལ་དངོས་ལམ་དུམ་བརྒྱུད་སྐབས།
གྲོགས་པོ་ཆུང་ཆུང་ཞིག་གཞུང་ལམ་ཐོག་ཉེན་ཁ་ཧ་ཅང་ཆེ་བ་མཐོང་།
ཁོང་གིས་རླངས་འཁོར་ཇེ་དལ་དུ་བཏང་ནས་བྱིས་པའི་འགྲམ་དུ་སླེབས་སྐབས།
མ་གཞི་བྱིས་པ་དེ་ནི་རང་ཉིད་ཀྱི་གྲོགས་པོའི་བྱིས་པ་ཡིན་པ་ཤེས།
དེ་ནས་ཁོས་འཕྲལ་མར་རླངས་འཁོར་གཏོང་མཚམས་བཞག་སྟེ།
གྲོགས་པོ་ཆུང་ཆུང་དེ་རླངས་འཁོར་ནང་བཞག་ནས་ཁྱིམ་དུ་བསྐྱལ་བ་ཡིན་ཟེར།

གོ་འཛོལ་མེད་པར་བཟོས་རྗེས།
མི་དམངས་ཉེན་རྟོག་པས་ཀྱང་མྱུར་དུ་སུན་ལགས་ལ་འབྲེལ་གཏུག་བྱས་ཏེ།
དོན་དག་གི་རྒྱུ་འབྲས་གསལ་བོར་བཤད་པ་ན། 
སུན་ལགས་ད་གཟོད་སེམས་ལྷོད་ལ་བབས།

ས་གནས་དེ་གའི་སྤྱི་བདེ་ཅུས་ཀྱིས་ཆེད་དུ་རྒན་སུན་ལགས་ལ་གཟེངས་བསྟོད་བྱས།
མི་དམངས་ཉེན་རྟོག་པས།
གཞན་སེམས་ཅན་གྱི་རྒན་སུན་ལགས་ལྟ་བུ་ཁྲི་སྟོང་མང་པོ་ཡོད་པས།
ད་གཟོད་ཚང་མའི་ཐུན་མོང་གི་བདེ་འཇགས་ཡོད་ཅེས་བཤད།

དྲ་གྲོགས་ཚོས་སུན་ལགས་དང་ཕུ་བོ་ཀྲུའུ་ལགས་ནི།
“བྱ་བ་བཟང་པོ་བསྒྲུབ་པའི་ཟོག་འདྲེན་རླངས་འཁོར་གྱི་ཁ་ལོ་བ་དང་།
གཞན་སེམས་ཅན་གྱི་སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་ཞིག་སྟེ།
ཁྱེད་ཚོ་ཚང་མ་བསམ་དཀར་ཅན་གྱི་མི་རེད”ཅེས་གཅིག་རྗེས་གཉིས་མཐུད་ངང་བསྔགས་བརྗོད་བྱས།
རྩོམ་སྒྲིག་པ། བདེ་སྒྲོལ།