དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

སྔོན་གཤེགས་དཔའ་བོའི་མཚན་སྙན་ལ་གནོད་འཚེ་གཏོང་མཁན་དེ་ཁྲིམས་ལ་སྦྱར།

སྤེལ་དུས 2021-03-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
             ཞིབ་དཔྱོད་ལས་ཁུངས་ཀྱིས་སྔོན་གཤེགས་དཔའ་བོའི་མཚན་སྙན་དང་གཟི་བརྗིད་མཚན་སྙན་ལ་གནོད་འཚེ་གཏོང་བའི་ཉེས་ཅན་ཆིའུ་མོའུ་མིང་ཁྲིམས་ལྟར་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད།
             2021ལོའི་ཟླ2པའི་ཚེས19ཉིན་གྱི་ཆུ་ཚོད10དང་སྐར་མ29ནས་ཆུ་ཚོད10དང་སྐར་མ46ཐོག་ཉེས་ཅན་ཆིའུ་མོའུ་མིང་གིས་ཤིན་ལང་པོད་ཕྲན(新浪微博)ཐོག་མི་སྒེར་གྱི་ཐོ་འགོད་ཨང་རྟགས“སྒྱུག་མཁན་རིལ་ཆུང” ཞེས་པའི་མིང་སྤྱད་དེ་སྔ་རྗེས་སུ་རྩོམ་གཉིས་སྤེལ་ནས་རྒྱལ་སྲུང་མཐའ་སྲུང་གི་སྔོན་གཤེགས་དཔའ་བོར་དམའ་འབེབས་དང་ཟུར་ཟ་བྱས་ཤིང་། འབྲེལ་ཡོད་ཆ་འཕྲིན་དེ་པོད་ཕྲན་སོགས་དྲ་རྒྱའི་ལས་སྟེགས་སུ་མགྱོགས་མྱུར་ངང་ཁྱབ་ནས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས། ཟླ2པའི་ཚེས20ཉིན་དོགས་ཡོད་ཉེས་ཅན་ཆིའུ་མོའུ་མིང་སྤྱི་བདེ་ལས་ཁུངས་ཀྱིས་ཉེས་དོན་བཀག་སྐྱིལ་བྱས་པ་དང་ནན་ཅིན་གྲོང་ཁྱེར་ཅན་ཡེ་ཁུལ(南京市建邺区)མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་མྱུལ་ཞིབ་བྱས།  ཟླ2པའི་ཚེས25ཉིན་སྤྱི་བདེ་ལས་ཁུངས་ཀྱིས་བསྙད་འཚོལ་ཟིང་སློང་གི་ཉེས་པ་བསགས་པའི་ཐོག་ནས་ཞིབ་དཔྱོད་ལས་ཁུངས་ཀྱིས་འཛིན་བཟུང་ཆོག་མཆན་གནང་རྒྱུར་རེ་འདུན་ཞུས་པ་རེད།
             ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་བྱས་པ་བརྒྱུད་དོགས་ཡོད་ཉེས་ཅན་ཆིའུ་མོའུ་མིང་གིས་དྲ་རྒྱ་སྤྱད་དེ་སྔོན་གཤེགས་དཔའ་བོར་དམའ་འབེབས་དང་ཟུར་ཟ་བྱས་ནས་སྔོན་གཤེགས་དཔའ་བོའི་མཚན་སྙན་དང་གཟི་བརྗིད་མཚན་སྙན་ལ་གནོད་འཚེ་བཏང་བས་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་ཐེབས་པ་དང་གནས་ཚུལ་ཚབས་ཆེན་བཟོས་ཡོད་པར་ངོས་འཛིན་བྱས་ཤིང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་ཉིས་བརྒྱ་གོ་དགུ་པའི་གཏན་འབེབས་གཞིར་བཟུང་སྟེ། ནན་ཅིན་གྲོང་ཁྱེར་ཅན་ཡེ་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལྟར་སྔོན་གཤེགས་དཔའ་བོའི་མཚན་སྙན་དང་གཟི་བརྗིད་མཚན་སྙན་ལ་གནོད་འཚེ་བཏང་བའི་དོགས་ཡོད་ཉེས་ཅན་ཆིའུ་མོའུ་མིང་འཛིན་བཟུང་བྱ་རྒྱུའི་ཆོག་མཆན་སྤྲད་པ་རེད།
             སྔོན་གཤེགས་དཔའ་བོས་རང་གི་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས་མེས་རྒྱལ་གྱི་མངའ་ཁོངས་གཏན་སྲུང་བྱས་པས་ཁོང་ཚོའི་མཚན་སྙན་དང་གཟི་བརྗིད་མཚན་སྙན་ལ་དམའ་འབེབས་གཏོང་མི་རུང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་གཤེགས་དཔའ་བོའི་སྲུང་སྐྱོང་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》ནང་སྔོན་གཤེགས་དཔའ་བོའི་མཚན་སྙན་དང་གཟི་བརྗིད་མཚན་སྙན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་དེ་མཚུངས་ཀྱི་དམངས་དོན་དང་སྲིད་འཛིན། ཉེས་དོན་བཅས་ཀྱི་འགན་འཁུར་དགོས་ཞེས་གསལ་པོར་བསྟན་ཡོད། 2021ལོའི་ཟླ3པའི་ཚེས1ཉིན་ནས་ལག་བསྟར་བྱས་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དག་བཅོས་འཆར་ཟིན(དོན་ཚན་བཅུ་གཅིག་པ)》ནང་སྔོན་གཤེགས་དཔའ་བོའི་མཚན་སྙན་དང་གཟི་བརྗིད་མཚན་སྙན་ལ་གནོད་འཚེ་བཏང་བའི་ནག་ཉེས་གཏན་འབེབས་གསལ་པོ་བྱས་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས》དོན་ཚན་བཅུ་གཉིས་པའི་ནང་གསེས་དོན་ཚན་དང་པོའི་གཏན་འབེབས་ལྟར། དོགས་ཡོད་ཉེས་ཅན་ཆིའུ་མོའུ་མིང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས་དག་བཅོས་འཆར་ཟིན(དོན་ཚན་བཅུ་གཅིག་པ)》གྱི་དོན་ཚན་སོ་ལྔ་པའི་གཏན་འབེབས་དང་འགལ་ནས་སྔོན་གཤེགས་དཔའ་བོའི་མཚན་སྙན་དང་གཟི་བརྗིད་མཚན་སྙན་ལ་གནོད་འཚེ་བཏང་བ་དང་། རྒྱལ་སྲུང་མཐའ་སྲུང་གི་སྔོན་གཤེགས་དཔའ་བོའི་མི་གཤིས་དང་ལ་རྒྱར་གནོད་སྐྱོན་ཚབས་ཆེན་བཟོས་པ། རྒྱལ་སྲུང་མཐའ་སྲུང་གི་དམག་མིའི་སྣང་བརྙན་ལ་གནོད་སྐྱོན་ཚབས་ཆེན་བཟོས་པ། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་བཏང་ཡོད་པས་ཁྲིམས་ལྟར་རྩད་གཅོད་གཏོང་དགོས། དེ་དང་ཆབས་ཅིག་སྔོན་གཤེགས་དཔའ་བོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་ཆེད། དམག་དོན་ཞིབ་དཔྱོད་ལས་ཁུངས་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་འོག་ནན་ཅིན་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་གཏུག་བཤེར་གྱོད་དོན་ཐོ་འགོད་བྱ་རྒྱུར་གཏན་འཁེལ་བྱས་པ་དང་འབྲེལ་བརྟག་དཔྱད་ཀྱང་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།