ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

མོ་ནད་གཤགས་བཅོས་བྱེད་དུས་ཐད་གཏོང་བྱས་པའི་ཐད་ཀྱི་བརྡ་ཁྱབ།

སྤེལ་དུས 2022-01-21 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
          ཟླ་དང་པོའི་ཚེས་18ཉིན། ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་སྨན་པ་ཞིག་གིས་དྲ་ཐོག་ནས་མོ་ནད་གཤགས་བཅོས་དུམ་ཚན་ཐད་གཏོང་བྱེད་དོགས་བྱུང་བ་བརྡ་ཁྱབ་བཏང་བ་སྟེ། 2022ལོའི་ཟླ་དང་པོའི་ཚེས་18ཉིན་གྱི་ཆུ་ཚོད་16ཙམ་ལ། རི་ཀྲའོ་གྲོང་ཁྱེར་སྤྱི་བདེ་ཅུས་ཏུང་ཀང་ཡན་ལག་ཅུས་ལ་སྨན་པ་ཞིག་གིས་དྲ་ཐོག་ནས་མོ་ནད་གཤགས་བཅོས་བྱེད་ཚུལ་དུམ་ཚན་ཐད་གཏོང་བྱེད་དོགས་བྱུང་འདུག་ཅེས་པའི་མང་ཚོགས་ཀྱི་ཐེར་འདོན་འབྱོར་རྗེས། འཕྲལ་མར་འབྲེལ་ཡོད་གནས་ཚུལ་ཐོན་པའི་སྨན་ཁང་གི་འབྲེལ་ཡོད་མི་སྣར་བརྟག་དཔྱད་བྱས་ཏེ། ཆུ་ཚོད་18ཙམ་ལ་གནས་ཚུལ་དེ་དང་འབྲེལ་བ་ཡོད་པའི་སྨན་པ་ལི་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད། མིག་སྔར་གྱོད་དོན་ཐོ་འགོད་བྱས་ནས་གྱོད་དོན་ལ་མུ་མཐུད་ནས་མྱུལ་ཞིབ་བྱེད་བཞིན་ཡོད།  

རྩོམ་སྒྲིག་པ། བདེ་སྒྲོན།