ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ལྷ་ས་ནས་ཟླ་ཆེ་གེ་མོ་བཟུང་འདུག

སྤེལ་དུས 2024-01-25 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།

         ཉེ་ཆར་ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གྲྭ་བཞི་དང་དོག་སྡེ་མངགས་གཏོང་ཁང་དུ་བཅའ་སྡོད་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་ཉིང་ལག་རུ་ཁག་གིས་གློག་སྒུལ་སྦག་སྦག་བརྐུས་པའི་གྱོད་གཞི་ལྔ་རྩད་ཆོད་པ་དང་ཉེས་གསོག་དོགས་ཅན་གཅིག་བཟུང་བ་རེད།

          གྱོད་དོན་ཕྱིར་དྲན

          2024ལོའི་ཟླ་1ཚེས་4ཉིན་གྱི་ཆུ་ཚོད་16ཙམ་ལ། ཁྲེང་ཀོན་སྤྱི་བདེ་ཡན་ལག་ཅུས་གྲྭ་བཞི་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་ལྷ་ས་གྲོང་ཁྱེར་སེ་ར་བྱང་ལམ་དྲག་ཆས་ཉེན་རྟོག་སྤྱི་བདེ་སྨན་ཁང་གི་ཉེ་འཁོར་དུ་སྐོར་གཡེང་བྱེད་སྐབས། སྐྱེས་པ་ཞིག་གིས་གློག་སྒུལ་སྦག་སྦག་གཅིག་དྲུད་ནས་འགྲོ་བ་མཐོང་བས་རོགས་པ་བྱེད་པར་ཕྱིན། སྐྱེས་པ་དེས་ཉེན་རྟོག་པའི་རླངས་འཁོར་རང་ཉིད་ཀྱི་ཕྱོགས་སུ་ཡོང་བ་མཐོང་མ་ཐག་དངངས་འཚབ་ཆེན་པོ་ལངས་པར་ཉེན་རྟོག་པ་དོགས་པ་ཟ་བ་དང་དེ་མུར་སྐྱེས་པ་དེར་འདྲི་རྩད་བྱས།

         

བརྟག་དཔྱད་བྱས་པ་བརྒྱུད། དེ་ཉིན་ཟླ་ཆེ་གེ་མོས་སྨན་ཁང་གི་སྒོ་རྩ་ནས་བརྐུས་པའི་གློག་སྒུལ་སྦག་སྦག་དེ་དྲུད་ནས་འཚོང་རྩིས་བྱེད་སྐབས་བསམ་ཡུལ་ལས་འདས་པར་སྐོར་གཡེང་བྱེད་བཞིན་པའི་མི་དམངས་ཉེན་རྟོག་པའི་ལག་ཏུ་ཐེབས། བརྟག་དཔྱད་ཞིབ་ཕྲ་བྱས་པ་བརྒྱུད། 2023ལོའི་ཟླ་11པ་ནས་2024ལོའི་ཟླ་1ཡི་བར་ལྷ་ས་གྲོང་ཁྱེར་མཐུན་སྒྲིལ་གྲོང་གསར་དང་ཆུ་མིག་ལམ་སོགས་ཀྱི་ཉེ་འགྲམ་ནས་གློག་སྒུལ་སྦག་སྦག་4བརྐུས་པའི་ཉེས་གསོག་དོན་དངོས་རྩད་ཆོད་པ་རེད།

                                     ཉེས་གསོག་དོགས་ཅན་ཟླ་ཆེ་གེ་མོས་སྦག་སྦག་རྐུ་ས་སྟོན་བཞིན་པ། 

        མིག་སྔར་ཉེས་གསོག་དོགས་ཅན་ཟླ་ཆེ་གེ་མོ་ཉེས་དོན་བཀག་ཉར་བྱས་ཤིང་། གྱོད་གཞི་ཐག་གཅོད་དང་བརྐུས་དངོས་འདེད་ལེན་གྱི་ལས་དོན་སྤེལ་བཞིན་ཡོད་པ་རེད།

        ཉེན་རྟོག་པས་དྲན་སྐུལ་བྱས་དོན།

      གཅིག ཡག་ཤོས་བྱུང་ན་གློག་སྒུལ་སྦག་སྦག་སྲུང་མཁན་ཡོད་པའམ་ཡང་ན་གློག་མིག་ཡོད་སའི་ཁུལ་དུ་འཇོག་པ་ལས། ཡུན་རིང་པོ་ལམ་ཁུག་ཀྱོག་ཏུ་འཇོག་མི་རུང་ལ་ལྷག་པར་དུ་མཚན་མོ་འཇོག་མི་རུང་།
  
    གཉིས། གློག་སྒུལ་སྦག་སྦག་འཇོག་སྐབས་ཡིན་གཅིག་སྒོ་ལྕགས་རྒྱག་དགོས།
           
གསུམ། གློག་སྒུལ་སྦག་སྦག་རྐུ་ཤོར་ན་ལམ་སེང་སྤྱི་བདེ་ལས་ཁུངས་ལ་སྙན་སེང་ཞུ་དགོས།
           
བཞི།  གློག་སྒུལ་སྦག་སྦག་ཉོ་སྐབས་འཁོར་བདག་གི་ཆ་འཕྲིན་ཐོ་ཡག་པོ་འགོད་དགོས་པ་མ་ཟད་དུས་ཐོག་ཏུ་འཁོར་རྟགས་བསྒར་དགོས། དེ་ལྟར་གནང་ཚེ་གློག་སྒུལ་སྦག་སྦག་རྐུ་ཤོར་སྐབས་འཚོལ་བར་ཕན་ཐོགས་ཀྱི་ཡོད།
རྩོམ་སྒྲིག་པ། མང་ག་མཚོ།