ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཕུ་ནུ་མིང་སྲིང་བར་ལ་ཕན་ཚུན་གསོ་སྐྱོང་གི་འགན་ཡོད་དམ།

སྤེལ་དུས 2024-10-17 ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར། རྩོམ་པ་པོ།

ཁྱིམ་ཚང་གཅིག་ཏུ་འཚོ་བའི་ཕུ་ནུ་མིང་སྲིང་བར་ལ་ཕན་ཚུན་གསོ་སྐྱོང་གི་འགན་ཡོད་དམ། 

ཕུ་ནུ་མིང་སྲིང་བར་གྱི་གསོ་སྐྱོང་འོས་འགན་ཞེས་པ་ནི་འཚོ་སྐྱོང་བྱེད་འགན་འཁུར་ནུས་ལྡན་པའི་གཅེན་པོ་དང་གཅུང་མོས་ཕ་མ་གྲོངས་པའམ་ཕ་མར་འཚོ་སྐྱོང་བྱེད་ནུས་མེད་པའི་རང་གི་གཅུང་བོ་དང་། གཅུང་མོ་ནར་མ་སོན་པ་དག་གསོ་སྐྱོང་བྱེད་པའི་འོས་འགན་འཁུར་དགོས། གཅེན་པོ་དང་གཅེན་མོས་གསོ་སྐྱོང་བྱས་ནས་འཚར་ལོངས་བྱུང་ཞིང་འཚོ་སྐྱོང་བྱེད་འགན་འཁུར་ནུས་ལྡན་པའི་གཅུང་བོ་དང་གཅུང་མོས་ངལ་རྩོལ་ནུས་ཤུགས་ཞན་ལ་འཚོ་རྟེན་ཡོང་ཁུངས་ཀྱང་ཞན་པའི་གཅེན་པོ་གཅེན་མོའི་གསོ་སྐྱོང་བྱེད་པའི་འོས་འགན་འཁུར་དགོས་པ་དེ་ལ་ཟེར།

གཞན་ཡང་དེ་ལ་ཆ་རྐྱེན་གཉིས་ཡོད་དེ།

གཅིག གཅེན་པོ་དང་གཅེན་མོར་འོས་འགན་འཁུར་ནུས་ལྡན་ཚེ་ད་གཟོད་ཁྲིམས་ལྟར་གསོ་སྐྱོང་གི་འོས་འགན་འཁུར་དགོས།

གཉིས། ནར་མ་སོན་པའི་གཅུང་པོ་དང་གཅེན་མོའི་ཕ་མ་གྲོངས་བའམ་གསོ་སྐྱོང་གི་ནུས་ཤུགས་མེད་ན་ད་གཟོད་གཅེན་པོ་དང་གཅེན་མོའི་ཁྲིམས་ལྟར་གཉོར་སྐྱོང་བྱ་དགོས་པ་དེ་བསྟན་ཡོད།