ཀྲུང་གོའི་བོད་ལྗོངས་དྲ་བ། > ཁྲིམས་ལུགས། > འགྲོ་ལུགས་སྒྲུབ་སྟངས།

ཁྲོམ་གཞུང་དུ་མངཊ་སྐྱེལ་བ་ཉེས་རྡུང་གཏོང་བའི་བརྙན་ཐུང་སྐོར་ལ......

སྤེལ་དུས 2024-11-05 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

    ཉེ་ཆར། དྲ་ཐོག་ཏུ་སྐུར་བཞིན་པའིསྐྱེས་པ་ཞིག་གིས་ཁྲོམ་གཞུང་དུ་མངགས་སྐྱེལ་བ་ཉེས་རྡུང་གཏོང་བའིབརྙན་ཐུང་ལ་བརྟག་དཔྱད་བྱས་པ་བརྒྱུད། 2024ལོའི་ཟླ་10པའི་ཚེས་29ཉིན་གྱི་ཆུ་ཚོད་18ཙམ་ལ། མངགས་སྐྱེལ་བ་མ་ཆེ་གེ་མོ་གློག་སྒུལ་སྦག་སྦག་བཞོན་ནས་ཁྲེང་ཀོན་ཆུས་ཐེན་ཧའེ་ལམ་ཐེན་ཧའེ་ཐང་ཆེན་ཞིང་ལས་དངུལ་ཁང་གི་མདུན་ནས་ལམ་ལྡོག་སྟེ་སྐྱོད་སྐབས། རྒྱ་ལམ་འགྲུལ་པ་ཁྲོའོ་ཆེ་གེ་མོ་དང་རྡུང་ཁ་ཐེབས་པས་ཁོ་གཉིས་ཁ་རྩོད་ཤོར། དེ་རྗེས། ཁྲོའོ་ཆེ་གེ་མོ་དང་སུན་ཆེ་གེ་མོས་མངགས་སྐྱེལ་བ་མ་ཆེ་གེ་མོ་ལ་ཉེས་རྡུང་བཏང་བ་དང་། སྐོར་གཡེང་ཉེན་རྟོག་པས་གནས་ཚུལ་དེ་མཐོང་མ་ཐག་མགྱོགས་མྱུར་ཁྲིམས་འགལ་བྱེད་སྤྱོད་བཀག་འགོག་བྱས་པའི་གནས་ཚུལ་ཞིག་རེད།  

    མིག་སྔར། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་མ་ཆེ་གེ་མོའི་རྨས་སྐྱོན་ཕོག་ཚད་ལ་བརྟག་དཔྱད་བྱེད་པ་དང་སྦྲགས། གྱོད་གཞི་དེ་སྔར་བས་སྒྲུབ་གཉེར་བྱེད་བཞིན་ཡོད་པ་རེད། 

    ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཁྲེན་ཀོན་སྤྱི་བདེ་ཡན་ལག་ཅུས་ཀྱིས།  

    2024ལོའི་ཟླ་10ཚེས་30ཉིན།